ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས2019ལོའི་ཀྲུང་གོ་རྒྱལ་སྤྱིའི་གཞི་གྲངས་ཆེན་མོའི་ཐོན་ལས་དངོས་མང་སྟོན་ཚོགས་ལ་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2019ལོའི་ཀྲུང་གོ་རྒྱལ་སྤྱིའི་གཞི་གྲངས་ཆེན་མོའི་ཐོན་ལས་དངོས་མང་སྟོན་ཚོགས་ཟླ5བའི་ཚེས26ཉིན་ཀུའེ་ཀྲོའུ་ཞིང་ཆེན་ཀུའེ་དབྱང་གྲོང་ཁྱེར་ནས་ཚོགས་འགོ་ཚུགས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་འདུར་རྟེན་འབྲེལ་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། མིག་སྔར་འཕྲིན་སྦྲེལ་དྲ་བ་དང་། གཞི་གྲངས་ཆེན་མོ། མིས་བཟོས་རིག་ནུས་བཅས་མཚོན་བྱེད་ཡིན་པའི་དུས་རབས་གསར་བའི་ཆ་འཕྲིན་ལག་རྩལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ནས་རྒྱལ་ཁབ་སོ་སོའི་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མི་དམངས་ཀྱི་འཚོ་བ་བཅས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ལ། རྒྱལ་ཁབ་སོ་སོས་མཉམ་ལས་བྱེད་པར་ཤུགས་སྣོན་དང་བརྗེ་རེས་ཟབ་ཏུ་བཏང་ནས་ཐུན་མོང་གིས་གྲངས་འཛིན་ཅན་དང་དྲ་རྒྱ་ཅན། རིག་ནུས་ཅན་བཅས་ཀྱི་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་གཞི་གྲངས་ཆེན་མོའི་འཕེལ་རྒྱས་ཀྱིས་བཅའ་ཁྲིམས་དང་། བདེ་འཇགས། སྲིད་གཞུང་བཅོས་སྐྱོང་སོགས་ཀྱི་འགྲན་སློང་ཐག་གཅོད་ཡག་པོ་བྱེད་དགོས།

ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཀྲུང་གོས་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་རྒྱལ་ཁབ་སོ་སོ་དང་མཉམ་དུ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་ལག་རྩལ་གསར་པ་དང་། ལས་རྣམ་གསར་པ་སོགས་ཐུན་མོང་གིས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱེད་འདོད་ཡོད་ཅེས་བསྟན་པ་རེད། འཐུས་མི་དང་སྐུ་མགྲོན་ཚོས“གསར་གཏོད་འཕེལ་རྒྱས་དང་གྲངས་ཀའི་ཐོག་ནས་འབྱུང་འགྱུར་བརྗོད་པའི”བརྗོད་དོན་གཙོ་བོར་དམིགས་ནས་གཞི་གྲངས་ཆེན་མོའི་ཐོན་ལས་འཕེལ་རྒྱས་དང་མཉམ་ལས་ཀྱི་ཇུས་ཆེན་ལ་ཐུན་མོང་གིས་གྲོས་བསྡུར་བྱས་ཏེ་རྒྱལ་ཁབ་སོ་སོ་ཐུན་མོང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་འཇོག་དགོས་ཞེས་གསུངས་བ་རེད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།