ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ཟླ6པའི་ཚེས1ཉིན་ནས་བཟུང་འཕྲུལ་རྟ་ལ་ལོ6རིང་རྒྱལ་ཡོངས་སུ་ཞིབ་བཤེར་བྱེད་མི་དགོས།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས1ཉིན་ནས་བཟུང་སྤྱི་བདེ་པུས་འཕྲུལ་རྟ་ལ་རྒྱལ་ཡོངས་སུ་ཞིབ་བཤེར་བྱ་རྒྱུ་དང་ལོ6རིང་ཞིབ་བཤེར་བྱ་མི་དགོས་པའི་དམངས་ཕན་བྱ་ཐབས་གསར་པ་ཁྱབ་གདལ་བཏང་ནས་ཡུལ་གཞན་དུ་རླངས་འཁོར་ཞིབ་བཤེར་བྱེད་པའི་སྲིད་ཇུས་ཇེ་ཡངས་སུ་བཏང་ནས་མང་ཚོགས་ཕྱིར་བསྐྱོད་པར་སྟབས་བདེ་བསྐྲུན་ཡོད།

སྤྱི་བདེ་པུའི་འགྲིམ་འགྲུལ་དོ་དམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་རྒྱལ་ཡོངས་སུ་འཕྲུལ་རྟ་ཞིང་ཆེན་ནང་ཁུལ་གྱི་ས་གནས་སོ་སོར་ཞིབ་བཤེར་དང་། རླངས་འཁོར་ཆུང་གྲས་རྒྱལ་ཡོངས་ས་གནས་སོ་སོར“ཞིབ་བཤེར”བྱེད་པ། སྒེར་འཁོར་ལ་ལོ6ནང་ཞིབ་བཤེར་མི་བྱེད་པ་བཅས་མངོན་འགྱུར་བྱུང་ཡོད། རྒྱལ་ཡོངས་སུ་རླངས་འཁོར་གསར་པ་དུང་ཕྱུར2ལྷག་ཙམ་ལ་ཞིབ་བཤེར་མི་བྱེད་པའི་སྲིད་ཇུས་ལོངས་སྤྱོད་ཐུབ་པ་དང་རླངས་འཁོར་གྱི་བདག་པོ་ཁྲི3200ལྷག་ཙམ་གྱིས་ཡུལ་གཞན་དུ་ཞིབ་བཤེར་བྱེད་བཞིན་ཡོད་པ་རེད།

གསར་འགོད་པས་ཤེས་རྟོགས་བྱུང་བ་ལྟར་ན། ད་ཐེངས་ཀྱི་འཕྲུལ་རྟ་ལ་ཞིང་ཆེན་བརྒལ་ནས་ཡུལ་གཞན་དུ་ཞིབ་བཤེར་བྱེད་སྐབས། རེ་འདུན་ཞུ་མཁན་གྱིས་འཕྲུལ་རྟ་བེད་སྤྱོད་བྱེད་སར་ཐད་ཀར་ཞིབ་བཤེར་བྱེད་ཆོག་པ་དང་། ཞིབ་བཤེར་ཚད་ལོན་གྱི་མཚོན་རྟགས་ལེན་པར་རེ་ཞུ་བྱེད་ཆོག་པས་མངགས་བཅོལ་གྱི་ཞིབ་བཤེར་འགྲོ་ལུགས་འགྲིམ་མི་དགོས་པར་མང་ཚོགས་ཀྱིས་ཐག་ཉེ་སར་ཞིབ་བཤེར་བྱེད་པར་སྟབས་བདེ་བཟོས་ཡོད།

དེ་མིན། ཐོ་འགོད་གསར་བ་བྱེད་པའི་འཕྲུལ་རྟ་ལ་ཞིབ་བཤེར་བྱེད་མི་དགོས་པ་དང་། ཐོ་འགོད་ལོ6ནང་ཚུན་དུ། བདག་པོས་ལོ་གཉིས་པ་དང་བཞི་བ། ལྔ་བར་དུས་ཚོད་ལྟར་ཞིབ་བཤེར་བྱས་པ། ཐོ་འགོད་ལོ6(ལོ6ཚུད་པ)ལྷག་ཙམ་ཟིན་ཚེ་སྔར་བཞིན་གཏན་འབེབས་ལྟར་ལོ་རེར་ཞིབ་བཤེར་ཐེངས་རེ་བྱེད་དགོས།

ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱི་འཕྲུལ་རྟ་ལག་ཡོད་གྲངས་འབོར་ཁྲི6800ལྷག་ཙམ་ཟིན་པ་དང་། འཕྲུལ་རྟ་སྐོར་ནས་ས་ཆ་གཞན་དུ་ལས་ཀ་ལས་པར་ཡོང་མཁན་ཉིན་བཞིན་མང་དུ་འགྲོ་བ། ས་ཆ་གཞན་དུ་རླངས་འཁོར་ཞིབ་བཤེར་བྱེད་པའི་དགོས་མཁོ་ཆེ་རུ་འགྲོ་བཞིན་ཡོད། ཡུལ་གཞན་དུ་ཞིབ་བཤེར་བྱེད་ཆོག་པའི་འབོད་སྒྲ་ཇེ་ཆེར་འགྲོ་བཞིན་ཡོད། དེ་དང་ཆབས་ཅིག་འཕྲུལ་རྟ་ཐོན་སྐྱེད་ཀྱི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་བསྟུན་ནས་འཕྲུལ་འཁོར་གསར་པའི་བདེ་འཇགས་ནུས་པར་འགན་ལེན་ཡག་པོ་བྱུང་ཡོད། སྤྱི་ཚོགས་ཀྱིས་སྒེར་འཁོར་ལ་གཞིགས་ནས་ལོ6རིང་འཕྲུལ་རྟ་ལ་ཞིབ་བཤེར་མི་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ་གྲོང་གསེབ་མང་ཚོགས་ཀྱི་རླངས་འཁོར་ཞིབ་བཤེར་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་རེ་འབོད་བྱས་པ་རེད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།