ཀྲུང་གོ་བོད་ཀྱི་དྲ་བ།

སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་བྲེལ་མྱུར་བརྡ་ཐོ།བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ལ་ཞིབ་བཤེར་ཆེན་པོ་བྱེད་དགོས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་པུའི་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་ཛ་དྲག་ཡོད་ཅིང་། ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཆུས་ཀྱི“5·16”བཟོ་ཁང་བརྡིབས་པའི་དོན་རྐྱེན་དང་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་པའེ་སེ་གྲོང་ཁྱེར་གྱི“5·20”ཨར་ཁང་གི་ཐོག་ཁར་བརྡིབས་པའི་དོན་རྐྱེན་བསྟུད་མར་ཐོན་ནས་མི་མང་པོ་ཤི་རྨས་བྱུང་བ་དང་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཟོས་པས་བསླབ་བྱ་ཧ་ཅང་སྐྱོ་པོ་བྱུང་ཡོད། ལས་འཛོལ་གྱི་བསླབ་བྱ་བསྡུ་ལེན་གཏིང་ཟབ་བྱས་ཏེ་གཅིག་ཤེས་ཀུན་གྲོལ་གྱིས་ཉེན་ཁ་དོ་དམ་ཚོད་འཛིན་དང་མངོན་མེད་རྐྱེན་ངན་བཅོས་སྒྲིག་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་ལས་འཛོལ་ཐོན་རྒྱུར་དོགས་ཟོན་མཐའ་གཅིག་ཏུ་བྱ་ཆེད།སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའི་གཞུང་དོན་ཐིང་གིས་གོང་ཚེས་ཉིན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་ཆེན་པོ་བྱ་རྒྱུའི་སྐོར་གྱི་བྲེལ་མྱུར་བརྡ་ཐོ་ཡོངས་བསྒྲགས་བྱས་པ་རེད།

བརྡ་ཐོ་གཞིར་བཟུང་ཞིབ་བཤེར་གྱི་གཙོ་གནད་ནང་ཨར་ལས་ཆོག་འཐུས་སོགས་ཀྱི་འགྲོ་ལུགས་གཉེར་མེད་པའི་གསར་སྐྲུན་དང་།བསྐྱར་བཟོ།རྒྱས་སྐྲུན་བཅས་ཀྱི་ལས་གྲྭ  ལྗིད་ཐེག་ཀ་བ་དང་།གདུང་མ།གྱང་བཅས་བཟོ་བཅོས་བརྒྱབ་པའི་མཛེས་རྒྱན་མཛེས་བཟོའི་ལས་གྲྭ བཟོ་སྐྲུན་དང་སྒྲིག་བཀོད་འཛུགས་སྐྲུན་གང་བྱུང་དུ་བྱས་པ། ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་མ་བྱས་པར་བེད་སྤྱོད་བྱེད་འགོ་ཚུགས་པའི་ཨར་ལས། ཨར་ལས་བྱ་ཡུལ་གྱི་ལྗིད་འདེགས་འཕྲུལ་ཆས་དང་།ཡན་ལག་དཔེ་དབྱིབས་མཐོ་བ།རྨང་ཁུང་གཏིང་རིང་བ་སོགས་ཉེན་ཁ་ཅུང་ཆེ་བའི་ལས་གྲྭ་ཁག་དབྱེ་བ། གྲོང་ཁྱེར་དང་གྲོང་རྡལ་གྱི་འབར་རླངས་དང་།ཆུ་མཁོ་འདོན།ཆུ་ཕྱིར་འབུད།བཙོག་ཆུ་གཙང་སེལ།ཚ་དྲོད་མཁོ་འདོན།ཟམ་པ་སོགས་གྲོང་ཁྱེར་གྱི་སྤྱི་སྤྱོད་སྒྲིག་བཀོད་འཁོར་སྐྱོད་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་གྱི་ཁང་པ་རྙིང་པ་བེད་སྤྱོད་སོགས་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་བཅས་ཚུད་ཡོད།

བརྡ་ཐོའི་ནང་ས་གནས་ཀྱི་རིམ་ཁག་གི་སྡོད་ཁང་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གཙོ་གཉེར་སྡེ་ཚན་གྱིས་2019ལོའི་བདེ་འཇགས་ཐོན་སྐྱེད་ལས་དོན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ད་ཐེངས་ཀྱི་ཞིབ་བཤེར་ཆེན་པོར་ཚད་མཐོའི་མཐོང་ཆེན་བྱས་ནས་འགན་འཁྲི་ཆེན་པོས་བྱ་བ་དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་། འགན་འཁུར་བློ་མཐུན་གཙོ་བོས་ཙུའུ་ཀྲང་བྱས་པའི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ལས་ཀའི་ཇུས་གཞི་ཞིབ་ཕྲ་བཟོ་བ་དང་།ལས་འགན་ཁག་བགོས་ཁ་གསལ་བཟོ་བ།འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་མགྱོགས་མྱུར་ལས་དོན་སྤེལ་རྒྱུ་སྒྲིག་འཛུགས་བྱེད་དགོས། ཕྱོགས་ཁག་གི་བྱེད་པོས་བདེ་འཇགས་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་རང་བཤེར་རང་བཅོས་ནན་ཏན་བྱས་ཏེ་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་ལས་དོན་གྱི་རྩིས་ཐོ་ཕྱོགས་ཡོངས་ནས་འཛུགས་དགོས། ས་ཁུལ་དེ་གའི་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ལ་རེ་རེ་བཞིན་གྲལ་བཤེར་དང་བཅོས་སྒྲིག་བྱས་ཏེ་ཨར་སྐྲུན་གཅིག་དང་སྒྲིག་ཆས་གཅིག་ཀྱང་མི་ལུས་པ་བྱེད་དགོས། གྲལ་བཤེར་ཆེན་པོའི་ཁྲོད་ཤེས་རྟོགས་བྱུང་བའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་དང་མྱུར་པོ་བྱེད་དགོས་པ་དང་ལྷག་པར་དུ་མངོན་མེད་རྐྱེན་ངན་རྩད་ཆོད་པ་དང་བཅོས་སྒྲིག་གི་བླང་བྱ་ལག་བསྟར་མི་བྱེད་པའི་ཁེ་ལས་སམ་མི་སྒེར་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།