ཀྲུང་གོ་བོད་ཀྱི་དྲ་བ།

པེ་ཅིང་ནས་ལྷ་ས་བར་གྱི་མཁའ་ལམ་དངོས་སུ་ཚོད་གཏོང་ལེགས་གྲུབ་བྱུང་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “དེ་རིང(ཟླ5ཚེས26ཉིན)ནི་ཆར་དུས་ཀྱི་ས་མཐོར་ནམ་མཁའ་རབ་ཏུ་དྭངས་པའི་ཉིན་མོ་ཞིག་རེད། སྔ་དྲོའི་ཆུ་ཚོད9དང་སྐར་མ23ཐོག པེ་ཅིང་ནས་ལྷ་སར་ཚོད་གཏོང་བྱས་པའི་རུ་སྣེ་ཁྲིད་མཁན་གྱི་སྐྱེལ་འདྲེན་གནམ་གྲུ་ཞིག་གངས་རི་མང་པོ་དང་མཁའ་དབྱིངས་སུ་འཕྱོ་བའི་སྨུག་སྤྲིན་བརྒལ་ནས་ལྷ་ས་གནམ་ཐང་དུ་དལ་བུར་བབས”སོང་། 

1956ལོའི་ཟླ5ཚེས27ཉིན། མི་དམངས་ཉིན་རེའི་ཚགས་པར་གྱི་པར་ངོས་དང་པོའི་ཐོག《པེ་ཅིང་ནས་ལྷ་ས་བར་གྱི་མཁའ་ལམ་ཚོད་གཏོང་ལེགས་གྲུབ་བྱུང་བ》ཞེས་འགོ་བརྗོད་དུ་འཁོད་པའི་རྩོམ་ཡིག་ཅིག་སྤེལ་བ་རེད། པེ་ཅིང་ནས་ལྷ་ས་བར་གྱི་མཁའ་ལམ་དངོས་སུ་ཚོད་གཏོང་ལེགས་གྲུབ་བྱུང་བ་དེ་ཐོག་ནས་སྐབས་དེ་དུས་ཀྱི་ལོ་རྒྱུས་ཀྱི་ཆ་རྐྱེན་འོག རང་རྒྱལ་གྱི“འཛམ་གླིང་གི་ཡང་རྩེ”ཞེས་སུ་གྲགས་པའི་གནམ་གྲུ་དེ་བོད་ལྗོངས་ས་མཐོར་འཕུར་སྐྱོད་དང་ས་ཐོག་ཏུ་འབབ་རྒྱུ་ལེགས་གྲུབ་བྱུང་བ་མཚོན་ཡོད།

ལོ་དེའི་གསར་འགྱུར་ནང་བཀོད་པར་གཞིགས་ན། “ལོ་ངོ་སྟོང་ཕྲག་མང་པོའི་རིང་། བོད་ལྗོངས་ས་མཐོ་དང་མེས་རྒྱལ་ནང་སའི་དབར་འགྲིམ་འགྲུལ་འགྲོ་ལམ་དེ་ཀྱག་ཀྱོག་གི་རྟ་ལམ་དང་ལམ་ཆུང་ལས་མེད། ཁམས་བོད་དང་མཚོ་བོད་གཞུང་ལམ་བཟོས་རྗེས་སྔར་བཞིན་ཟླ་ཕྱེད་ནས་ཟླ་གཅིག་རིང་གི་དཀའ་སྤྱད་འགྲུལ་བཞུད་བྱེད་དགོས་ཀྱི་ཡོད། དུས་དེ་ནས་བཟུང་གནམ་གྲུར་བསྡད་དེ་ལྷ་ས་ནས་པེ་ཅིང་དུ་བསྐྱོད་ཚེ་མཁའ་དབྱིངས་སུ་ཆུ་ཚོད་བཅུ་ཙམ་ལས་འགོར་གྱི་མེད། ཀྲུང་གོ་གསར་པའི་མཁའ་སྐྱོད་མི་སྣས་གཞོམ་ཞིག་མེད་པའི་སྙིང་སྟོབས་དང་སྤོབས་སེམས་ཀྱིས་ཁེངས་པའི་བློ་སྟོབས་ལ་བརྟེན་ནས་དུས་ཚོད་ཐུང་ཐུང་ནང་ས་མཐོའི་མཁའ་ལམ་དེ་བཏོད”པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།