ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་སྔོན་ཆད་ཀྱི་པུའུ་རིམ་པ་གཞོན་པའི་སྐོར་ཞིབ་ཆེད་དོན་པ་ཀྲང་ཧྭ་ཝེས་ལྐོག་རྔན་སྒོར་ཁྲི3000ལྷག་ཙམ་བླངས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན་པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་སྔོན་ཆད་ཀྱི་པུའུ་རིམ་པ་གཞོན་པའི་སྐོར་ཞིབ་ཆེད་དོན་པ་ཀྲང་ཧྭ་ཝེས་ལྐོག་རྔན་བླངས་པའི་གྱོད་གཞི་ཐག་གཅོད་ཁྱབ་བསྒྲགས་བྱས་ནས་ཞུ་སྦྱོར་ཕྱི་མ་ཀྲང་ཧྭ་ཝེ་ལ་དུས་བཀག་བཙོན་འཇུག་ལོ12དང་མི་དམངས་ཤོག་སྒོར་ཁྲི200ཡི་དངུལ་ཆད་བཅད་པ་དང་། ལྐོག་རྔན་བླངས་པའི་ཐོབ་ཆ་གཞུང་བཞེས་བྱས་ནས་རྒྱལ་མཛོད་དུ་བླངས་བ་དང་ཀྲང་ཧྭ་ཝེས་ཁྲིམས་སར་ཁྲིམས་གཅོད་དང་ལེན་བྱས།

འདྲི་ཞིབ་རྩད་གཅོད་བྱས་པ་བརྒྱུད། 2006ནས2014ལོའི་བར། ཞུ་སྦྱོར་ཕྱི་མ་ཀྲང་ཧྭ་ཝེས་ཀྲུང་དབྱང་སྒྲིག་ཨུ་དང་། ཀྲུང་དབྱང་རྩ་འཛུགས་པུའུ་ཡི་སྐོར་ཞིབ་ཚན་ཆུང་གི་པུའུ་རིམ་པའི་སྐོར་ཞིབ་ཆེད་དོན་པ་གཞོན་པ། ཀྲུང་དབྱང་སྐོར་ཞིབ་ཚན་ཆུང་གི་པུའུ་རིམ་པའི་སྐོར་ཞིབ་ཆེད་དོན་མི་སྣ་གཞོན་པ། ཀྲུང་དབྱང་ཁེ་ལས་དང་པོའི་དངུལ་རྩའི་སྐོར་ཞིབ་ཚན་ཆུང་གི་ཙུའུ་ཀྲང་གཞོན་པ་སོགས་ཀྱི་གོ་གནས་བེད་སྤྱད་དེ་འབྲེལ་ཡོད་སྡེ་ཁག་དང་མི་སྒེར་གྱིས་ཁེ་ལས་གཉེར་སྐྱོང་དང་། ཁང་པ་ཕྱིར་འཚོང་། གྱོད་གཞི་བརྟག་དཔྱད། གོ་གནས་བསྐོ་འཐེན་སོགས་ཀྱི་ཐད་རོགས་རམ་བྱས་ཏེ་ཐད་ཀར་རམ་ཡང་ན་དམིགས་བསལ་གྱི་འབྲེལ་བ་ཡོད་པའི་མིར་བརྟེན་ནས་མི་གཞན་གྱིས་བྱིན་པའི་ཡིག་རིས་དང་། གསེར། གཡང་ཊི། རྒྱན་ཆ་སོགས་རྒྱུ་དངོས་རིན་ཐང་མི་དམངས་ཤོག་སྒོར་ཁྲི3284.93ལྷག་ཙམ་ཟིན་པའི་ལྐོག་རྔན་བླངས། 

པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གཉིས་པས་ཞུ་སྦྱོར་ཕྱི་མ་ཀྲང་ཧྭ་ཝེ་རྒྱལ་ཁབ་ཀྱི་ལས་དོན་མི་སྣ་ཡིན་པའི་ངོས་ནས་ལས་གནས་ཐོག་གི་སྟབས་བདེ་སྤྱད་དེ་མི་གཞན་ལ་ཁེ་ཕན་དོན་གཉེར་བྱེད་པ་དང་ཁྲིམས་འགལ་ངང་མི་གཞན་གྱི་རྒྱུ་དངོས་འབོར་ཆེན་བླངས་པའི་བྱ་སྤྱོད་དེས་ལྐོག་རྔན་ལེན་པའི་ཉེས་པ་བསགས་ཡོད། ཀྲང་ཧྭ་ཝེ་ཁྲིམས་ལ་སྦྱར་རྗེས་གྱོད་གཞི་ཞིབ་གཅོད་ལས་ཁུངས་ཀྱིས་མ་ཤེས་པའི་ལྐོག་རྔན་བླངས་པའི་ཉེས་གསོག་གི་དོན་དངོས་ཁག་གཅིག་རང་འགུལ་ངང་ངོས་ལེན་ཞུས་པ་རེད། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།