ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སྟེང་ད་ལོའི་ཁྲལ་འཕྲི་ཡོན་གཅོག་བྱ་བ་བཀོད་སྒྲིག་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “ཁྲལ་འཕྲི་ཡོན་གཅོག་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་པ་དང2019ལོའི་ཟླ5བའི་ཚེས14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་སྟེང་ད་ལོའི་དྲ་རྒྱའི་ཁྲལ་འཕྲི་ཡོན་གཅོག་བྱ་བ་ལ་ཆེད་དོན་བཀོད་སྒྲིག་བྱས་པ་རེད།

གྲོས་ཚོགས་སྟེང་གཏན་ཁེལ་བྱས་དོན།

གཅིག་ནི་དྲ་རྒྱའི་རིམ་སྤོར་རྒྱ་སྐྱེད་མགྱོགས་སུ་གཏོང་རྒྱུ་དེ་ནུས་ལྡན་མ་འཇོག་བྱེད་རྒྱ་ཆེ་རུ་གཏོང་བའི་ཤུགས་རྒྱག་ས་གལ་ཆེན་ཞིག་ཏུ་བརྩི་དགོས། ད་ལོར་འོད་སྐུད་དུད་ཚང་དུ་འབྲེལ་མཐུད་ཐུབ་པའི་མཐུད་སྣེའི་བསྡུར་ཚད90%ལས་བརྒལ་བ་དང་། གྲོང་ཁྱེར་300ཡན་གྱིས་ཀྲའོ་སྟོང་གི་འབྲེལ་མཐུད་དྲ་རྒྱ་བཀོད་སྒྲིག་བྱས་ནས་གཏན་འཇགས་དང་སྤོ་འགུལ་ལམ་ཡངས་དྲ་རྒྱ་ཀྲའོ་སྟོང་གི་དུས་རབས་སུ་སླེབས་པར་སྐུལ་འདེད་གཏོང་དགོས། གྲོང་གསེབ་དང་ས་མཐའི་ཡུལ་སོགས་ལ་དམིགས་ནས་ལོ་ཧྲིལ་པོར4Gཡི་སྦྲེལ་ཚུགས་ཁྲི60ལྷག་ཙམ་རྒྱ་སྐྱེད་དང་གསར་སྐྲུན་བྱས་པ་དང་། རྒྱལ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོར་ཁྱབ་ཚད98%ལས་བརྒལ་ཡོད། 

གཉིས་ནི་བཟོ་ལས་དྲ་སྦྲེལ་དང་། སློབ་གསོ། སྨན་བཅོས་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་དྲ་རྒྱའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་བཏང་ནས་མ་འཇོག་ནུས་ལྡན་བྱེད་ཤུགས་ཆེ་རུ་གཏོང་དགོས། བཟོ་ལས་དྲ་སྦྲེལ་གྱི་ཆེད་སྐུད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། ད་ལོར་རྒྱལ་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་ལམ་ཡངས་དྲ་རྒྱ་འབྲེལ་མཐུད་བྱེད་ཚད97%ཟིན་པ་དང་ཡོངས་ཁྱབ་ངང་ཀྲའོ་བརྒྱའི་འབྲེལ་མཐུད་ནུས་པ་ལྡན་ཡོད། རྫོང་རིམ་པ་ཡན་གྱི་སྨན་ཁང་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞིའི་ཆེད་དོན་དྲ་བ་ཁྱོན་ཡོངས་ལ་ཁྱབ་པར་བྱ་དགོས། 

གསུམ་ནི་འགྲོ་གྲོན་དམའ་རུ་གཏོང་རྒྱུའི་བླང་བྱ་དོན་འཁྱོལ་བྱེད་དགོས། རྨང་གཞིའི་གློག་འཕྲིན་ཁེ་ལས་ཀྱིས་འགྲོ་གྲོན་གྱི་རིན་གོང་དམའ་རུ་བཏང་བ་དང་རིན་མི་དགོས་པར་མགྱོགས་སུ་བཏང་བ་སོགས་ཀྱི་བྱ་ཐབས་སྤྱད་དེ་ད་ལོར་ཁེ་ལས་ཆུང་འབྲིང་གི་ལམ་ཡངས་དྲ་རྒྱར་ཆ་སྙོམས་འགྲོ་གྲོན15%མར་ཆག་བྱ་རྒྱུ་དང་། ཀུན་ཕན་རང་བཞིན་གྱི་དྲ་རྒྱ་བེད་སྤྱོད་བྱེད་པ་ལག་བསྟར་བྱས་ནས་དེ་ལས་བརྒལ་བའི་དྲ་རྒྱ་རྒྱུག་ཚད་ཆ་སྙོམས་མར་ཆག་གཏོང་བ་དང་། ཡོང་འབབ་དམའ་བ་དང་རྒན་པའི་རིགས་ལ་དམིགས་ནས་ཆེད་དམའ་བའི་འགྲོ་གྲོན་ཁྱབ་སྤེལ་ཏུ་གཏོང་བ་དང་། བྱ་ཐབས་སྣ་མང་སྤྱད་དེ་སྤོ་འགུལ་རྒྱུག་ཚད་ཆ་སྙོམས་འགྲོ་གྲོན20%ཡན་དམའ་རུ་གཏོང་རྒྱུ་དང་། ནང་ས་དང་ཞང་ཀང་། ཨའོ་མོན་ས་ཁུལ་བར་གྱི་བཞུར་ཚད་གྲོན་དངུལ30%ཆག་པར་སྐུལ་འདེད་གཏོང་དགོས།

བཞི་ནི་ཟླ11པའི་ཟླ་མཇུག་གོང་རྒྱལ་ཡོངས་སུ“ཨང་གྲངས་ལས་དྲ་བ་ལོངས་སྤྱོད”ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་གྲ་སྒྲིག་ལས་དོན་ཡག་པོ་སྒྲུབ་དགོས། ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་ཞིབ་བཤེར་ནན་པོ་བྱེད་དགོས།

ལྔ་ནི་རྣམ་གྲངས་རིགས་བཀོད་སྒྲིག་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ་དང་། ལོ་འདིའི་ནང་འཚོང་བཞིན་པའི་རྣམ་གྲངས་རིགས་ཀྱི་གྲངས་འབོར15%ཡན་སྙིང་བསྡུས་བྱས་ཏེ། གྲངས་འབོར་མང་བ་དང་། ཧ་མི་གོ་བ། གདེམ་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་འཛད་སྤྱོད་པར་དངོས་ཕན་དེ་བས་མང་བ་སྐྲུན་དགོས།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།