ཀྲུང་གོ་བོད་ཀྱི་དྲ་བ།

དྲ་རྒྱའི་བརྙན་ལམ་སྟེགས་བུར“གཞོན་ནུ་ལོ་ཆུང་དྲ་རྒྱར་དབྱིངས་བ་བཀག་འགོག་བྱེད་པའི་མ་ལག”སྤྱོད་རྒྱུ་རེད།

ཡོང་ཁུངས། : ཤིན་ཧྭ་གསར་འགྱུར་ཁང་།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན། གསར་འགོད་པས་རྒྱལ་ཁབ་དྲ་ལམ་ཆ་འཕྲིན་གཞུང་ལས་ཁང་ནས་རྒྱུན་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་དྲ་ལམ་ཆ་འཕྲིན་གཞུང་ལས་ཁང་གིས་གཅིག་གྱུར་སྒོས་ཤིས་ཀྭ་བརྙན་ལམ་སོགས་བརྙན་ཐུང་སྟེགས་བུ་14དང་། ཐེང་ཤུན་སོགས་དྲ་རྒྱའི་བརྙན་ལམ་སྟེགས་བུ4བཅས་ལ་མཛུབ་སྟོན་བྱས་ནས“དྲུག་གཅིག”བྱིས་པའི་དུས་ཆེན་མ་སླེབས་སྔོན“གཞོན་ནུ་ལོ་ཆུང་དྲ་རྒྱར་དབྱིངས་བ་བཀག་འགོག་བྱེད་པའི་མ་ལག”སྤྱོད་འགོ་ཚུགས་རྒྱུ་རེད།

རྒྱུས་ལོན་བྱུང་བར་གཞིགས་ན། རྒྱལ་ཁབ་དྲ་ལམ་ཆ་འཕྲིན་གཞུང་ལས་ཁང་གིས་དུས་འགོའི་ཚོད་ལྟའི་ལས་དོན་གྱི་ཉམས་མྱོང་ཕྱོགས་སྡོམ་བྱས་པའི་རྨང་གཞིའི་ཐོག“གཞོན་ནུ་ལོ་ཆུང་དྲ་རྒྱར་དབྱིངས་བ་བཀག་འགོག་བྱེད་པའི་མ་ལག”ཁྱབ་རྒྱ་ཆེ་རུ་བཏང་བ་དང་། ཁྱོན་ཡོངས་ནས་བརྙན་ཐུང་ལས་སྟེགས་ཁྱབ་པ་མ་གཏོགས། ད་དུང་བརྙན་རིང་ལས་སྟེགས་གཙོ་བོ་དེ་དག་མ་ལག་ནང་ཐོག་མར་བཅུག་སྟེ་གཅིག་གྱུར་གྱི་ཚད་གཞི་ལག་བསྟར་བྱས་ནས་གཞོན་ནུ་ལོ་ཆུང་གི་སྲུང་སྐྱོང་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་རེད། 

རྒྱལ་ཁབ་དྲ་ལམ་ཆ་འཕྲིན་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། གཞོན་ནུ་ལོ་ཆུང་དྲ་རྒྱར་དབྱིངས་བ་བཀག་འགོག་བྱེད་པར་སྔོན་འགོག་བྱེད་པའི་ཚོད་ལྟའི་ལས་དོན་སྤེལ་ནས་ཟླ་གཉིས་རིང་ལ། མི་ཐེངས་ཁྲི5260གྱིས་གཞོན་ནུ་ལོ་ཆུང་དྲ་རྒྱར་དབྱིངས་བ་བཀག་འགོག་བྱེད་པའི་མ་ལག་ལ་དོ་ཁུར་དང་གཙོ་ངོས་སུ་རགས་ལྟ་བྱས་པ་རེད། འགན་འཁུར་བས་ལས་སྟེགས་ཁག་གི་ལག་རྩལ་གསར་སྤེལ་ནུས་པར་ཧེ་བག་ཡོད་པའི་དབང་གིས“གཞོན་ནུ་ལོ་ཆུང་དྲ་རྒྱར་དབྱིངས་བ་བཀག་འགོག་བྱེད་པའི་མ་ལགསྤྱོད་མཁན་གྱིས་རང་བདག་གདམ་གསེས་བྱས་པའི་ཚེ་ན། ད་གཟོད་དེ་གའི་ནུས་པ་གང་ལེགས་འདོན་སྤེལ་བྱེད་ཐུབ་ཞེས་བཤད། 

གཞོན་ནུ་ལོ་ཆུང་དྲ་རྒྱར་དབྱིངས་བ་བཀག་འགོག་བྱེད་པའི་མ་ལག”ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བར་བརྙན་ལམ་ལས་སྟེགས་གཙོ་བོ་ཁག་གི་རྒྱབ་སྐྱོར་གང་ལེགས་ཐོབ་པ་དང་། ལས་སྟེགས་ཁག་གིས་དྲ་ཐོག་ཏུ་དྲ་རྒྱའི་དབྱིངས་སུ་ཞུགས་པའི་སྔོན་འགོག་མ་ལག་དེ་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པའི་གོ་སྐབས་དང་བྱ་སྤྱོད་གལ་ཆེན་ཞིག་ཏུ་བརྩིས་ནས་རང་འགུལ་ངང་མ་ལག་ནང་དུ་བཞག་པ་རེད། རྒྱལ་ཁབ་དྲ་ལམ་ཆ་འཕྲིན་གཞུང་ལས་ཁང་གིས་འབྲེལ་ཡོད་ལས་སྟེགས་ཁག་སྒྲིག་འཛུགས་བྱས་ནས་ལག་རྩལ་ཞིབ་འཇུག་གསར་སྤེལ་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྤྱོད་མཁན་དབྱེ་འབྱེད་བྱེད་ཤུགས་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གཞོན་ནུ་ལོ་ཆུང་དེ་བས་མང་བས་ལྟ་འདོད་ཉན་སྤྲོ་ཡོད་པའི་སྤུས་ལེགས་ནང་དོན་སྔར་བས་མང་པོ་ཐོན་སྐྱེད་དང་མཁོ་སྤྲོད་བཅས་བྱ་རྒྱུ་རེད།།

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།