ཀྲུང་གོ་བོད་ཀྱི་དྲ་བ།

2019ལོའི་ཀྲུང་གོའི་དྲ་རྒྱའི་ལྟ་ཉན་འཕེལ་རྒྱས་ཀྱི་ཞིབ་འཇུག་སྙན་ཞུ་ཁྱབ་བསྒྲགས་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས27ཉིན་གྱི་ཕྱི་དྲོར། སྐབས་བདུན་པའི་ཀྲུང་གོའི་དྲ་རྒྱའི་ལྟ་ཉན་ཚོགས་ཆེན་སྟེང《2019ལོའི་ཀྲུང་གོའི་དྲ་རྒྱའི་ལྟ་ཉན་འཕེལ་རྒྱས་ཀྱི་ཞིབ་འཇུག་སྙན་ཞུ》དངོས་སུ་ཁྱབ་བསྒྲགས་བྱས། སྙན་ཞུའི་ནང2018ལོའི་ཟླ12བར་རང་རྒྱལ་དྲ་དམངས་ཀྱི་གཞི་ཁྱོན་དུང་ཕྱུར8.29ཟིན་པ་དང་ལོ་ཧྲིལ་པོར་དྲ་དམངས་ཁྲི5653ཇེ་མང་དུ་ཕྱིན་ཡོད། འཕྲིན་སྦྲེལ་དྲ་བའི་ཁྱབ་ཚད59.6%ཟིན་པ་དེ2017ལོའི་ལོ་མཇུག་ལས་བརྒྱ་ཆའི་ཆ3.8འཕར་ཡོད་དེ།  དྲ་དམངས་ཀྱིས་ལག་འཁྱེར་ཁ་པར་ལ་བརྟེན་ནས་དྲ་རྒྱར་ཞུགས་པའི་བསྡུར་ཚད98.6%ཟིན་ཡོད། འཕྲིན་སྦྲེལ་དྲ་བའི་ཁྱབ་ཚད་སྔར་ལས་རྒྱ་བསྐྱེད་དེ། སྡོད་དམངས་དྲ་བར་ཞུགས་པའི་ཚད་གཞི་ཇེ་དམའ་རུ་ཕྱིན་ནས། ཆ་འཕྲིན་སྤེལ་རེས་ཀྱི་ཕན་འབྲས་མཐོར་འདེགས་བྱུང་ཡོད། 

 2018ལོའི་ཟླ12པའི་བར་དུ། དྲ་རྒྱའི་བརྙན་ལམ(བརྙན་ཐུང་འདུས)སྤྱོད་མཁན་གྱི་གཞི་ཁྱོན་དུང་ཕྱུར7.25སླེབས་པ་དེས་དྲ་དམངས་བསྡོམས་འབོར་གྱི87.5%ཟིན་ཡོད་ལ། བརྙན་ཐུང་སྤྱོད་མཁན་དང་། དྲ་རྒྱའི་ཐད་གཏོང་སྤྱོད་མཁན། དྲ་རྒྱའི་སྦུག་ལམ་སྤྱོད་མཁན་བཅས་ཀྱི་གཞི་ཁྱོན་སོ་སོར་དུང་ཕྱུར6.48དང་། 3.97། 3.01བཅས་ཟིན། དྲ་རྒྱའི་ལྟ་ཉན་གྱིས་འཕྲིན་སྦྲེལ་དྲ་བར་ཞུགས་པའི་གཞི་གྲངས་བཞུར་ཚད་སྤྱིའི80%ཡན་ཟིན་ཡོད། 

སྙན་ཞུའི་ནང་དྲ་རྒྱའི་བརྙན་ལམ(བརྙན་ཐུང་འདུས)ནི་འཕྲིན་གཏོང་ཕུད་པའི་ཀྲུང་གོའི་དྲ་སྦྲེལ་ཆེ་གྲས་ཨང་གཉིས་པ་དེ་ཡིན་པ་དང་བརྙན་ཐུང་ནི་དྲ་རྒྱའི་བརྙན་ལམ་གྱི་སྟོབས་ཤུགས་གསར་པར་གྱུར་ཡོད། ཀྲུང་གོ་དྲ་རྒྱའི་ལྟ་ཉན་ལེ་ཚན་ཞབས་ཞུའི་མཐུན་ཚོགས་ཀྱི་རྒྱུན་ལས་དྲུང་ཡིག་ཆེན་མོ་གཞོན་པ་ཀྲོའུ་ཅེ་ཡིས“བེད་སྤྱོད་གཏོང་བའི་དུས་ཚོད་རིང་བ་དང་སྤྱོད་མཁན་གྱི་གཞི་ཁྱོན་ཆེ་བ་སོགས་ཀྱི་ཐད་བརྙན་ཐུང་ཚང་མ་བརྙན་རིང་ལས་ཡོངས་སུ་བརྒལ་ཡོད། དེ་ནི་ཀྲུང་གོ་བའི་རོལ་རྩེད་བརྙན་ཐུང་གི་སྤྲོ་གསེང་བྱེད་སྟངས་གཙོ་བོར་གྱུར་ཏེ་ང་ཚོ་དམངས་ཡོངས་ཀྱི་བརྙན་ཐུང་གི་དུས་རབས་སུ་སླེབས་ཡོད། 5Gལག་རྩལ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་དྲ་རྒྱའི་ལྟ་ཉན་ལས་རིགས་ལ་ལོ་རྒྱུས་རང་བཞིན་དང་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་གོ་སྐབས་འཕྲད་ཡོད”ཅེས་་བཤད།  །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།