ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་ནི་ཀྲེར་གྱི་ཙུང་ཐུང་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ནི་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་ལྔ་བའི་ཚེས་ཉེར་བརྒྱད་ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱེད་པར་ཡོང་བའི་ནི་ཀྲེར་གྱི་ཙུང་ཐུང་དབྱི་སུའུ་ཧྥུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་ཀྲུང་གོ་དང་ནི་ཀྲེར་གྱི་འབྲེལ་བ་དང་མཉམ་ལས་ཐད་ནས་བླངས་པའི་གྲུབ་འབྲས་ལ་གདེང་འཇོག་ཚད་མཐོན་པོ་བྱས། ཁོང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་མཛད་དེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་བའི་འཕེལ་རྒྱས་ཐད་ནས་འཆར་འགོད་བྱེད་རྒྱུ་རེད། ཀྲུང་གོ་དང་ནི་ཀྲེར་གཉིས་ཀྱིས་ཕན་ཚུན་ལ་བརྩི་བཀུར་བྱེད་པ་དང་འདྲ་མཉམ་ཀྱི་ལྟ་སྟངས་འཛིན་པ། ཆབ་སྲིད་རང་རྟོན་ཇེ་ཟབ་ཏུ་གཏོང་བ། འཕེལ་རྒྱས་འཐབ་ཇུས་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ནས། ཀྲུང་གོ་དང་ནི་ཀྲེར་གྱི་མཛའ་བརྩེ་མཉམ་ལས་དེ་ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་ཀྱི་མིག་དཔེ་རུ་འགྱུར་བར་བྱེད་འདོད་ཡོད། ཀྲུང་གོས་ཚོང་རའི་སྒྲིག་ལམ་དང་ཚོང་དོན་རྩ་དོན་ལྟར། སྒོ་འབྱེད་དང་ལྗང་མདོག རྒྱུན་མཐུན་རྒྱུན་འཁྱོངས་བྱས་ནས། ནི་ཀྲེར་བར་གྱི་མཉམ་ལས་ལ་ཤུགས་སྣོན་པ་དང་། གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུ་ཡིན། ཧྥེ་གླིང་རང་དབང་ཉོ་ཚོང་ཁུལ་གྲོས་མཐུན་མི་འགྱངས་པར་ལག་བསྟར་བྱེད་པར་ཀྲུང་གོ་དགའ་སྤྲོ་སྐྱེས་ཡོད་ལ། ཧྥེ་གླིང་གིས་གཞི་གཅིག་ཅན་སྤེལ་བར་རྒྱབ་སྐྱོར་བྱེད་ཀྱིན་ཡིན་ཟེར།

དབྱི་སུའུ་ཧྥུའུ་ཡིས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུས། ནི་ཀྲེར་གྱིས་ནི་ཀྲེར་དང་ཀྲུང་གོའི་འབྲེལ་བར་གདེང་འཇོག་ཚད་མཐོན་པོ་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་མཐའ་གཅིག་ཏུ་ལག་བསྟར་བྱེད་ཀྱིན་ཡོད་ལ། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་ཞུགས་ནས། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཧྥེ་གླིང་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཧི་ལིས་ཧྥུན་མཇལ་འཕྲད་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།