ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་མཁར་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2019-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ5བའི་ཚེས29ཉིན་གྱི་ཕྱི་དྲོར།  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཞི་ཅིན་ཕིང་གིས་འགོ་འཛིན་མཛད་དེ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བརྒྱད་པ་བསྡུས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་།  ཁོང་གིས་ནན་གྱིས་བསྟན་དོན། མིག་སྔར་རང་རྒྱལ་གྱི་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་རྣམ་པའི་འགྱུར་ལྡོག་གཏིང་ཟབ་དུ་འགྲོ་བཞིན་ཡོད་པ་དང་ཕྱི་རོལ་གྱི་ངེས་གཏན་མིན་པའམ་བརྟན་ལྷིང་མིན་པའི་རྒྱུ་རྐྱེན་མང་དུ་ཕྱིན་ནས་བཅོས་བསྒྱུར་དང་འཕེལ་རྒྱས་ཐད་གནས་ཚུལ་གསར་བ་དང་གནད་དོན་གསར་བ་མང་པོ་འཕྲད་ལ། ང་ཚོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་།  གནད་དོན་གྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱེད་པ། བབ་བསྟུན་སྣེ་ཁྲིད། གཅིག་གྱུར་འཆར་འགོད། གནད་འཁེལ་ཇུས་འདོན་བཅས་བྱས་ཏེ། འགལ་བ་ཆེན་པོ་སྔོན་འགོག་དང་མངོན་གསལ་དོད་པའི་གནད་དོན་ཐད་བྱེད་ཐབས་ཏན་ཏིག་སྤྱད་དེ་བཅོས་བསྒྱུར་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོར་སྐུལ་འདེད་གང་ལེགས་གཏོང་དགོས་ཟེར། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གི་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་གཏོང་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིས་ཁི་ཆང་དང་། ཝང་ཧུའུ་ཉིང་། ཧན་ཀྲིན་བཅས་གྲོས་ཚོགས་ལ་ཞུགས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།