ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་སྟེ་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་འགོ་གཙོའི་གྲོས་ཚོགས་སྐབས་བཅུ་བཞི་བ་མེད་ཅ་ནས་ཚོགས་པར་རྟེན་འབྲེལ་ཞུས།

    སྤེལ་དུས། : 2019-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ5བའི་ཚེས31ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གློག་འཕྲིན་བཏང་སྟེ་དབྱི་སི་ལན་མཉམ་ལས་རྩ་འཛུགས་ཀྱི་འགོ་གཙོའི་གྲོས་ཚོགས་སྐབས་བཅུ་བཞི་བ་མེད་ཅ་ནས་ཚོགས་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དབྱི་སི་ལན་མཉམ་ལས་རྩ་འཛུགས་ནི་དབྱི་སི་ལན་རྒྱལ་ཁབ་མཐུན་སྒྲིལ་ཡོང་བའི་མཚོན་བྱེད་ཡིན་པ་དང་དེ་བཙུགས་ནས་ལོ་ལྔ་བཅུའི་རིང་ལ། དབྱི་སི་ལན་རྒྱལ་ཁབ་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བར་བྱས་རྗེས་གལ་ཆེན་བཞག་པས། བདག་གིས་དེ་ལ་གཟེངས་བསྟོད་བྱེད་པ་ཡིན་ཟེར།

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་དབྱི་སི་ལན་རྒྱལ་ཁབ་བར་དུ་སྲོལ་རྒྱུན་མཛའ་བཤེས་ཟབ་མོ་ཆགས་ཡོད། ཕྱོགས་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཕན་ཚུན་ལ་རྒྱབ་སྐྱོར་དང་ལྷག་བསམ་རྣམ་དག་སྒོས་མཉམ་ལས་བྱེད་ཀྱིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། དབྱི་སི་ལན་མཉམ་ལས་རྩ་འཛུགས་ནི་ཀྲུང་གོ་དང་དབྱི་སི་ལན་རྒྱལ་ཁབ་བར་དུ་མཉམ་ལས་བྱེད་པའི་སྒྲོག་ཐག་ལྟ་བུར་གྱུར་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་དང་མཉམ་དུ་འབད་བརྩོན་བྱས་ཏེ། ཆབ་སྲིད་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་ཞིང་དཔལ་ཡོན་གྲོས་མོལ་ལ་སྐུལ་འདེད་བཏང་ནས། ཀྲུང་གོ་དང་དབྱི་སི་ལན་རྒྱལ་ཁབ་བར་གྱི་མཛའ་མཐུན་འབྲེལ་བར་མཛེས་པའི་མ་འོངས་པ་ཞིག་མཉམ་སྐྲུན་བྱེད་པ་དང་། མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་འཛུགས་སྐྲུན་བྱེད་པར་བྱས་རྗེས་ཆེན་པོ་འཇོག་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།