ཀྲུང་གོ་བོད་ཀྱི་དྲ་བ།

2018ལོའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱིས་དངུལ་བུན་གཡར་མཁན་ལས་བཟོའི་སྐྱེད་ཀ་སྒོར་དུང་ཕྱུར2019.98གྲོན་ཆུང་བྱས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ཆར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་དང་། ནོར་སྲིད་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག《རྒྱལ་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི2018ལོའི་ལོ་འཁོར་སྙན་ཞུ》ཁྱབ་བསྒྲགས་བྱས་ཤིང་། 2018ལོའི་རྒྱལ་ཡོངས་ཀྱི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་གཉེར་སྐྱོང་གནས་ཚུལ་དང་སྤྱི་ཚོགས་དང་དཔལ་འབྱོར་གྱི་ཕན་འབྲས་དང་དོན་གནད་གལ་ཆེན་བཅས་ཡོངས་བསྒྲགས་བྱས་པ་རེད། 《སྙན་ཞུའི》ནང་། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོ་ཁག་གི་གཉེར་སྐྱོང་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་མ་དངུལ་སྤྱིའི་ཆ་ནས་བརྟན་འཇགས་ཡིན་ཁར་ཐབས་ལམ་མང་པོའི་སྒོ་ནས་སྡོད་སའི་ཁང་པ་ཡོད་པར་བྱས་ཡོད་ཅེས་འཁོད་ཡོད།

སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོ་ཁག་གི་གཉེར་སྐྱོང་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་། 2018ལོའི་ལོ་མཇུག་ཏུ། སྡོད་ཁང་སྤྱི་གསོག་མ་དངུལ་བཅོལ་ཉར་གྱི་སྤྱི་འབོར་སྒོར་དུང་ཕྱུར145899.77དང་། བླངས་པའི་སྤྱི་འབོར་སྒོར་དུང་ཕྱུར87964.89 བཅོལ་ཉར་སྤྱི་འབོར་ནས་བླངས་པའི་སྤྱི་འབོར་འཐེན་རྗེས་ཀྱི་བཅོལ་ཉར་ལྷག་གྲངས་སྒོར་དུང་ཕྱུར57934.88བཅས་ཡིན། མི་སྒེར་གྱི་སྡོད་ཁང་དངུལ་བུན་སྤྱི་འབོར་སྒོར་དུང་ཕྱུར85821.32དང་། མི་སྒེར་གྱི་སྡོད་ཁང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར49845.78 འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཚོད་ལྟའི་རྣམ་གྲངས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར46.11 རྒྱལ་ཁབ་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར19.71བཅས་ཡིན། བཅོལ་ཉར་ལྷག་གྲངས་ནས་མི་སྒེར་གྱི་སྡོད་ཁང་དངུལ་བུན་ལྷག་གྲངས་དང་། འགན་སྲུང་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན་ཚོད་ལྟའི་རྣམ་གྲངས་ཀྱི་དངུལ་བུན་ལྷག་གྲངས། རྒྱལ་ཁབ་ཀྱི་དངུལ་བུན་ལྷག་གྲངས་བཅས་འཐེན་རྗེས་ལྷག་དངུལ་ནི་སྒོར་དུང་ཕྱུར8023.28ཡིན་པ་རེད།

སྡོད་ཁང་སྤྱི་གསོག་མ་དངུལ་གྱིས་ཐབས་ལམ་མང་པོའི་སྒོ་ནས་སྡོད་སའི་ཁང་པ་ཡོད་པར་བྱས་ཤིང་། 2018ལོར། སྡོད་ཁང་གི་འཛད་སྤྱོད་རིགས་ནས་སྒོར་དུང་ཕྱུར11718.33བླངས་པ་ནི་ལོ་དེར་བླངས་པའི་གྲངས་འབོར་སྒོར14740.51གི79.50%བཟུང་བ་དང་། སྡོད་ཁང་སྤྱི་གསོག་མ་དངུལ་གྱི་མི་སྒེར་སྡོད་ཁང་དངུལ་བུན་ཁག་ཁྲི252.58དང་སྒོར་དུང་ཕྱུར10218.53བཏང་བར་དངུལ་བུན་གཡར་མཁན་ལས་བཟོའི་སྐྱེད་ཀའི་འགྲོ་སོང་སྒོར་དུང་ཕྱུར2019.98གྲོན་ཆུང་ཐུབ་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།