ཀྲུང་གོ་བོད་ཀྱི་དྲ་བ།

ཉེ་དུས་བཟོ་ལས་དང་ཆ་འཕྲིན་ཅན་པུས་ནས་5Gཚོང་སྤྱོད་ཀྱི་ལག་ཁྱེར་དཔང་ཡིག་སྤྲོད་རྒྱུ་ཡིན་པ།

ཡོང་ཁུངས། : ཀྲུང་དབྱང་བརྙན་འཕྲིན་དྲ་བ།   རྩོམ་པ་པོ། : ཚེ་རིང་དོན་གྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2019-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསར་འགོད་པས་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་གོ་ལ་ཧྲིལ་པོའི5Gཚོང་སྤྱོད་བཀོད་སྒྲིག་གི་འགག་རྩའི་དུས་སུ་སླེབས་ཡོད་པས། རང་བརྟེན་གསར་གཏོད་དང་སྒོ་འབྱེད་མཉམ་ལས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རང་རྒྱལ་གྱི་5Gཐོན་ལས་ལ་འགྲན་རྩོད་ཀྱི་ལེགས་ཆ་བསྐྲུན་དགོས། 5Gཚད་གཞི་ནི་གོ་ལ་ཧྲིལ་པོའི་ཐོན་ལས་ལས་རིགས་ཀྱིས་ཐུན་མོང་ཐོག་བཟོས་པའི་གཅིག་གྱུར་གྱི་རྒྱལ་སྤྱིའི་ཚད་གཞི་ཞིག་ཡིན་པ་དང་། རང་རྒྱལ་གྱིས་གསལ་བསྒྲགས་བྱས་པའི་ཚད་གཞིའི་དགོས་ངེས་ཀྱི་ཁེ་བེད་བདག་ཐོབ་ཀྱི་བསྡུར་ཚད་30%ལས་བརྒལ་ཡོད་པ་རེད། ལག་རྩལ་ཚོད་ལྟའི་དུས་མཚམས་སུ་ནུའོ་ཅི་ཡ་དང་། ཨའེ་ལི་ཞིན། ཀའོ་ཐུང་། དབྱིན་ཐེར་སོགས་ཕྱི་རྒྱལ་གྱི་ཁེ་ལས་མང་པོ་དེའི་ནང་ཞུགས་ཡོད་ལ། ཕྱོགས་སོ་སོའི་ཐུན་མོང་འབད་བརྩོན་འོག་རང་རྒྱལ་གྱི་5Gལ་ཚོང་སྤྱོད་ཀྱི་རྨང་གཞི་ལྡན་ཡོད། ཉེ་དུས་བཟོ་ལས་དང་ཆ་འཕྲིན་ཅན་པུས་5Gཡི་ཚོང་སྤྱོད་ལག་ཁྱེར་སྤྲོད་རྒྱུ་ཡིན་པ་དང་རང་རྒྱལ་འདི་ཉིད་5Gཡི་ཚོང་སྤྱོད་ལོ་དང་པོར་དངོས་སུ་སླེབས་རྒྱུ་རེད། རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་ཀྱིས་རང་རྒྱལ་གྱི་5Gདྲ་རྒྱ་འཛུགས་སྐྲུན་དང་ཉེར་སྤྱོད་ཁྱབ་གདལ་ནང་ཧུར་ཐག་གིས་ཞུགས་ནས་རང་རྒྱལ་གྱི5Gཡི་འཕེལ་རྒྱས་གྲུབ་འབྲས་ལ་ཐུན་མོང་ཐོག་ལོངས་སུ་སྤྱོད་རྒྱུར་ང་ཚོས་སྔར་རྒྱུན་བཞིན་དགའ་བསུ་ཞུ་རྒྱུ་ཡིན། །

རྩོམ་སྒྲིག་པ། : ཚེ་རིང་དོན་འགྲུབ།