ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཅང་སུའུ་ཞིང་ཆེན་གྱིས་ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124593328_15598274324831n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་གསུམ་ཉིན་ནས་ཚེས་དྲུག་ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་ཁྲིད་དེ་ཅང་སུའུ་ཞིང་ཆེན་གྱིས་ཆུའི་བཙོག་བཟོ་འགོག་བཅོས་བཅའ་ཁྲིམས་ལག་བསྟར་བྱེད་པའི་གནས་ཚུལ་ལ་ཞིབ་བཤེར་བྱས། ཁོང་གིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་བྱས་ཏེ། བཅའ་ཁྲིམས་ཀྱི་ཚད་ལྡན་དང་སྣེ་ཁྲིད། ཡར་སྐུལ། འགན་སྲུང་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྲིམས་ལྟར་ཆུའི་བཙོག་བཟོ་བཅོས་སྐྱོང་དང་ཆུའི་ཁོར་ཡུག་སྲུང་སྐྱོབ་བྱས་ནས་དུས་རབས་གསར་བའི་མཛེས་པའི་ཀྲུང་གོའི་མ་འོངས་པ་གསར་སྐྲུན་བྱེད་དགོས་ཟེར།

1124593328_15598274475391n.jpg

ཁྲིམས་འཛིན་ཞིབ་བཤེར་བྱེད་སྐབས། ཞིབ་བཤེར་ཚན་ཁག་ཅང་སུའུ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དུ་སོང་སྟེ་བཙོག་བཟོ་འགོག་བཅོས་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་སྟེགས་བུའི་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་བྱས་པར་མ་ཟད་ས་གནས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་སྲིད་གཞུང་། དེ་མིན་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་དམངས་ཆེན་འཐུས་མི་ཁ་ཤས་དང་བཞུགས་མོལ་བྱས། ལིས་ཀྲན་ཧྲུའུ་ཡིས་ད་དུང་ཅང་སུའུ་ཞིང་ཆེན་དམངས་ཆེན་ལས་ཁུངས་ཀྱི་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་ཞུས་པར་མ་ཟད་ས་གནས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཁྲིམས་འཛུགས་དང་ལྟ་སྐུལ་སོགས་ཀྱི་འགན་ནུས་འདོན་སྤེལ་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་བྱ་བར་བྱས་རྗེས་ཆེན་པོ་འཇོག་དགོས་པའི་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།