ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་མོ་སི་ཁོ་ནས་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་དྲུག་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མོ་སི་ཁོ་ནས་ཨུ་རུ་སིའི་ཙུང་ལི་མེ་ཏི་ཝེ་ཅེ་ཧྥུའུ་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོ་དང་ཨུ་རུ་སིའི་བར་འབྲེལ་བ་བཙུགས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡིན། ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་ཆུ་ཚད་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་སུ་སོང་ཞིང་རྒྱལ་ཁབ་ཆེན་པོའི་འབྲེལ་བའི་ཁྲོད་དུ་ཕན་ཚུན་ལ་ཡིད་ཆེས་བྱེད་ཚད་དང་རོགས་ལས་ཆུ་ཚད། འཐབ་ཇུས་རིན་ཐང་ཆེས་མཐོ་བ་དེས་འཛམ་གླིང་གི་ཞི་བདེ་དང་བརྟན་འཇགས། འཕེལ་རྒྱས་བཅས་ཀྱི་ཐད་ལ་བྱས་རྗེས་གལ་ཆེན་བཞག དེང་སྐབས་ཀྲུང་གོ་དང་ཨུ་རུ་སིའི་འབྲེལ་བ་དེ་དུས་རབས་གསར་བར་ཞུགས་པ་དང་རྒྱལ་ཁབ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་རོགས་ལས་གྲོགས་པོའི་འབྲེལ་བའི་ཐད་ནས་ནང་དོན་གསར་བ་མུ་མཐུད་དུ་སྔོག་འདོན་བྱས། ཕྱོགས་གཉིས་ཀྱིས་མུ་མཐུད་དུ་ཡང་འབད་བསྐྱར་འབད་བྱས་ཏེ་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་མང་པོའི་ཁེ་ཕན་བསྐྲུན་དགོས་པར་མ་ཟད་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་བསྐྱར་དར་ལ་སྟོབས་ལྡན་སྒུལ་ཤུགས་སྣོན་དགོས་ཟེར།

མེ་ཏི་ཝེ་ཅེ་ཧྥུའུ་ཡིས་བཤད་རྒྱུར། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཚེས་ལྔ་ཉིན་གསལ་སྒྲོག་སྟེང་མིང་བཀོད་པ་དང་ཨུ་རུ་སི་དང་ཀྲུང་གོའི་འབྲེལ་བ་དུས་རབས་གསར་བར་ཞུགས་པ་ཁྱབ་སྒྲོག་བྱས་པར་དོན་སྙིང་གལ་ཆེན་ལྡན། ཨུ་རུ་སི་དང་ཀྲུང་གོས་འཐབ་ཇུས་རོགས་ལས་ལ་ཤུགས་སྣོན་པ་དང་། ལག་རྡང་སྦྲེལ་ཏེ་ཨུ་རུ་སི་དང་ཀྲུང་གོ་དང་དེ་མིན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མདུན་དུ་ལྷགས་པའི་འགྲན་རྩོད་སྣ་ཚོགས་ལ་ཁ་གཏད་འཇལ་ནས། འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་ཙུང་ལིའི་དུས་བཅད་གྲོས་མོལ་སོགས་རྐྱེན་སྲོལ་བརྒྱུད་དེ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་མཉམ་ལས་གལ་ཆེན་གྱི་ཐུན་མོང་ལྟ་ཚུལ་ཁྱོན་ཡོངས་ནས་དངོས་འབེབས་བཟང་བོ་བྱེད་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།