ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་ཀྱིས་ཉིས་སྟོང་བཅུ་དགུ་ལོའི་ཆེས་མཛེས་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིར་སློབ་སྦྱོང་དང་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བར་མཛུབ་སྟོན་གལ་ཆེན་གནང་བའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་ཆེད། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་བཅས་ཀྱིས་ཉེ་ལམ་མཉམ་འབྲེལ་སྒོས་ཉིས་སྟོང་བཅུ་དགུ་ལོའི་ཆེས་མཛེས་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིར་སློབ་སྦྱོང་དང་དྲིལ་སྒྲོག་བྱ་འགུལ་སྤེལ་བའི་སྐོར་གྱི་བརྡ་ཐོ་འགྲེམ་སྤེལ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་ཆེས་མཛེས་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིར་སློབ་སྦྱོང་དང་དྲིལ་སྒྲོག་བྱ་འགུལ་རྒྱ་ཆེར་སྤེལ་བར་བཀོད་སྒྲིག་བྱས།

བརྡ་ཐོ་ལས་བསྟན་དོན། ས་གནས་སོ་སོའི་འབྲེལ་ཡོད་ལས་ཁུངས་ཀྱིས་ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། སློབ་སྦྱོང་དང་དྲིལ་སྒྲོག་བྱ་འགུལ་གཏིང་ཟབ་ཏུ་སྤེལ་བའི་དོན་སྙིང་གལ་ཆེན་གསལ་བོར་ཤེས་པར་བྱེད་པ་དང་། སེམས་ཞིབ་མོས་འཆར་འགོད་དང་གཅིག་གྱུར་སྒོས་སྐུལ་འདེད་གཏོང་དགོས་ལ། མཐུན་སྦྱོར་ལ་ཤུགས་སྣོན་དང་མཉམ་ལས་ཆགས་པར་བྱེད་པ་དང་མཉམ་དུ་སྤུས་ཚད་མཐོ་བའི་བྱ་འགུལ་རྒྱ་ཆེར་སྤེལ་དགོས། བསམ་བློའི་སྣེ་ཁྲིད་ལ་ཤུགས་བསྣན་ཏེ་ཆེས་མཛེས་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་དུས་རབས་ཀྱི་རིན་ཐང་སྔོག་འདོན་བྱེད་པ་དང་། དུས་རབས་གསར་བའི་ཆེས་མཛེས་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིས་རྒྱལ་གཅེས་འབད་འཐབ་དང་བྱས་རྗེས་བཞག་པའི་རིན་ཐང་རེ་སྙེག་གསལ་བོར་མངོན་པར་བྱེད་དགོས། རྣམ་པ་དང་སྒྲུབ་སྟངས་གསར་སྐྲུན་བྱེད་པ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་བྱ་བའི་དོན་དངོས་སྦྲེལ་དགོས་ལ། མང་ཚོགས་ཞུགས་ཚད་ཇེ་ཆེར་གཏོང་བ་དང་བརྒྱུད་གཏོང་ཁེབས་རྒྱ་རྒྱ་ཆེར་གཏོང་བར་མ་ཟད་དྲང་ཕྱོགས་ཀྱི་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབ་ནས། སྤྱི་ཚོགས་ཡོངས་སུ་ཤུགས་ཆེན་པོས་དམག་མིར་བརྩི་བཀུར་དང་སྔོན་ཐོན་ལ་བརྩི་མཐོང་བྱེད་པའི་དར་སྲོལ་བཟང་བོ་གསར་སྐྲུན་བྱེད་དགོས་ཟེར།

བརྡ་ཐོའི་བཀོད་སྒྲིག་ལྟར། ད་ལོའི་ལོ་མཇུག་ལ་ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་ཆབ་སྲིད་བྱ་བའི་པུའུ་བཅས་ཀྱིས་ལོ་འདིའི་ཆེས་མཛེས་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་སྔོན་ཐོན་བྱས་རྗེས་གཅིག་སྡུད་སྒོས་དྲིལ་སྒྲོག་དང་ཁྱབ་སྒྲོག་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།