《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་གནད》པར་སྐྲུན་འགྲེམས་སྤེལ་བྱས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས9ཉིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་སྔར་ལས་གཏིང་ཟབ་ཏུ་གཏོང་ཆེད། ཀྲུང་དབྱང་གི་བླང་བྱ་གཞིར་བཟུང་། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་རྩོམ་སྒྲིག་བྱས་པའི《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་གནད》(གཤམ་དུ་བསྡུས་མིང་དུ《རྩ་གནད》ཟེར། )   སློབ་སྦྱོང་དཔེ་སྐྲུན་ཁང་དང་མི་དམངས་དཔེ་སྐྲུན་ཁང་གིས་མཉམ་དུ་དཔེ་སྐྲུན་བྱས་པ་དང་། དེ་རིང་ནས་བཟུང་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱ་རྒྱུ་རེད། 

《རྩ་གནད》ལ་ཁྱོན་ལེའུ21དང་། ས་བཅད99། དོན་ཚན200བཅས་ཡོད་པ་དང་ཡིག་འབྲུ་ཧ་ལམ་ཁྲི15ཡོད། དེབ་འདིའི་ནང་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་ཏང་དང་རྒྱལ་ཁབ་ཀྱིས་ངེས་པར་དུ་ཡུན་རིང་བོར་མཐའ་འཁྱོངས་བྱེད་དགོས་པའི་སློབ་སྟོན་བསམ་བློ་ཡིན་པའི་བརྗོད་བྱར་དམ་པོར་དམིགས་ནས“ཁ་གསལ་བརྒྱད”དང“རྒྱུན་འཁྱོངས་བཅུ་བཞི”གཉིས་ལྟེ་བའི་ནང་དོན་དང་གཞི་འཛིན་ས་གཙོ་བོར་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་རྒྱས་བཤད་གནང་ཡོད།   དེས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་བསམ་བློ་དེའི་གཞི་རྩའི་དགོངས་དོན་དང་། གཞི་རྩའི་ནང་དོན། གཞི་རྩའི་བླང་བྱ་བཅས་ལ་སྔར་བས་ཤེས་རྟོགས་དང་ཁོང་དུ་ཆུད་པར་བྱས་ནས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རང་རྟོགས་ངང་ལག་བསྟར་བྱེད་རྒྱུར་རོགས་འདེགས་བྱས་ཡོད་པ་རེད། 《རྩ་གནད》ཀྱི་ནང་དོན་ཕུན་སུམ་ཚོགས་པ་དང་གྲུབ་ཆ་གྲལ་དག་པ།  མ་རྩོམ་གྱི་ཞིབ་ཆ་ཐོན་ཡོད་པ་དང་རྩོམ་སྲོལ་གསོན་ཉམས་ལྡན་ལ་བབ་ཆགས་པ་བཅས་ནི་ཏང་ཡོངས་ཀྱིས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་ངེས་པ”བརྗོད་དོན་གཙོ་བོའི་སློབ་གསོའི་སློབ་སྦྱོང་གི་དཔྱད་གཞི་གལ་ཆེན་ཞིག་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པའི་ཞོར་འདེགས་ཀློག་དེབ་གལ་ཆེན་ཞིག་རེད། །

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།