ཀྲུང་གོ་བོད་ཀྱི་དྲ་བ།

ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་སྲིད་གཞུང་གི་ཉོ་སྒྲུབ་སྲིད་ཇུས་ཡག་པོ་སྤྱད་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་དགོས་པ་བསྟན།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉིན་ཤས་གོང་། ནོར་སྲིད་པུའུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་མཉམ་དུ་བརྡ་ཐོ་བཏང་ནས་། རིམ་ཁག་སྔོན་རྩིས་ཚན་པས་སྲིད་གཞུང་གི་ཉོ་སྒྲུབ་བྱེད་ཐབས་ལ་སྐུལ་ལྕག་བཏང་སྟེ་ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་དང་སྡེ་ལས་ཞབས་འདེགས་སྔོན་ལ་ཉོ་སྒྲུབ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་དགོས་ཞེས་བཏོན་ཡོད་པ་རེད།

ཡོངས་བསྒྲགས་བྱས་པའི《སྲིད་གཞུང་གི་ཉོ་སྒྲུབ་སྲིད་ཇུས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་བརྡ་ཐོ》ལ་གཞིགས་ན། རིམ་ཁག་སྔོན་རྩིས་ཚན་པས་ཞིང་ཞོར་ཐོན་རྫས་ཉོ་སྒྲུབ་བྱེད་སྐབས། ཆ་རྐྱེན་གཅིག་མཚུངས་འོག་ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་སྔོན་ལ་ཉོ་སྒྲུབ་བྱེད་དགོས། སྔོན་རྩིས་གཙོ་གཉེར་ཚན་པ་ཁག་གིས་སྤྱི་འདོམས་མཐུན་སྦྱོར་ཡག་པོ་བྱས་ནས་སྡེ་ཚན་དེ་གའི་སྔོན་རྩིས་ཚན་པ་ཁག་གི་ཟ་ཁང་གི་ཞིང་ཞོར་ཐོན་རྫས་ཉོ་བའི་བསྡོམས་འབོར་ནས་ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་ཉོ་བའི་བསྡུར་ཚད་ངེས་ཅན་ཞིག་གཏན་འཁེལ་བྱེད་པ་དང་འབྲེལ་སྔོན་ཉར་བྱེད་དགོས། རིམ་ཁག་སྔོན་རྩིས་ཚན་པས་དགེ་མཚན་ལྡན་པའི་རྩ་དོན་ལ་གཞིགས་ནས་སྔོན་ཚུད་ནས་ཉར་བའི་བསྡུར་ཚད་གཏན་འཁེལ་དང་། ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་ཉོ་སྐབས་ཐག་ཉེ་ས་དང་དཔལ་འབྱོར་གྱི་རྩ་དོན་ལ་བརྩི་སྲུང་བྱེད་པ། གཏན་ལ་ཕབ་པའི་སྔོན་ཚུད་ནས་ཉར་བའི་བསྡུར་ཚད་ལེགས་གྲུབ་ཐུབ་པའི་རྨང་གཞིའི་ཐོག་ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་དེ་བས་མང་བ་ཉོ་རྒྱུར་སྐུལ་ལྕག་བཅས་བྱས་ཏེ་དབུལ་སྐྱོར་ལ་ཕན་འབྲས་དངོས་ཐོན་རྒྱུར་དོ་སྣང་བྱེད་དགོས།

བརྡ་ཐོར་གཞིགས་ན། ས་ཁུལ་དབུལ་པོའི་ཞིང་ཞོར་ཐོན་རྫས་ནི་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་832ཀྱི་ས་ཁོངས་སུ་ཐོ་བཀོད་པའི་ཁེ་ལས་དང་། ཞིང་པའི་ཆེད་ལས་མཉམ་ལས་ཁང་། ཁྱིམ་ཚང་འབྲོག་ར་སོགས་ཀྱིས་ཐོན་སྐྱེད་བྱས་པའི་ཞིང་ཞོར་ཐོན་རྫས་ལ་ཟེར།

བརྡ་ཐོའི་ནང་གསལ་པོ་བཏོན་དོན། རིམ་ཁག་སྔོན་རྩིས་ཚན་པས་ནོར་སྲིད་རང་བཞིན་གྱི་མ་དངུལ་སྤྱད་དེ་སྡེ་ལས་ཀྱི་ཞབས་འདེགས་ཉོ་སྒྲུབ་བྱེད་སྐབས། ཆ་རྐྱེན་ཡོད་རིགས་ཀྱིས་རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་832ཀྱི་ས་ཁོངས་སུ་ཐོ་བཀོད་པ་མ་ཟད། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་བསྡུས་པའི་སྡེ་ལས་ཀུང་སིས་མཁོ་འདོན་བྱས་པའི་སྡེ་ལས་ཀྱི་ཞབས་འདེགས་སྔོན་ལ་ཉོ་སྒྲུབ་བྱེད་དགོས། རྒྱལ་ཁབ་རིམ་པའི་རྫོང་དབུལ་པོ་832ཀྱི་ས་ཁོངས་སུ་ཐོ་བཀོད་པ་མ་ཟད། ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་གདན་ཞུ་བྱེད་ཚད་ཀུང་སིའི་ལས་མིའི(ཞབས་འདེགས་ཕུད་པའི་གླ་པ་ཚུད་པ)30%ཡན་ཟིན་པའི་སྡེ་ལས་ཀུང་སིར་རིམ་ཁག་སྔོན་རྩིས་ཚན་པས་ཆ་རྐྱེན་དང་འཚམ་པའི་སྡེ་ལས་ཀུང་སིའི་གྲངས་འབོར་སོགས་གནས་ཚུལ་ཞིབ་ཕྲ་གཞིར་བཟུང་། གཏན་འབེབས་བཞིན་འབྲེལ་ཡོད་ཉོ་སྒྲུབ་བྱེད་སྟངས་སྒྱུར་བཅོས་ཀྱི་སྙན་སེང་བཀའ་འཁྲོལ་འགྲོ་ལུགས་གཉེར་རྗེས་འགྲན་རྩོད་རང་བཞིན་གྱི་གྲོས་བསྡུར་དང་། འགྲན་རྩོད་རང་བཞིན་གྱི་གྲོས་མོལ། འབྱུང་ཁུངས་རྐྱང་པ་སོགས་ཡོངས་བསྒྲགས་མིན་པའི་འོས་སྐུལ་ཉོ་སྒྲུབ་བྱེད་ཐབས་སྤྱད་དེ་འབྲེལ་ཡོད་སྡེ་ལས་ཀུང་སིས་མཁོ་འདོན་བྱས་པའི་སྡེ་ལས་ཞབས་འདེགས་ཉོ་སྒྲུབ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།