ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་ཨོ་སི་ཁྲུ་རི་ཡ་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་མཐོ་རིམ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124604611_15601755523671n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ6པའི་ཚེས10ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་པེ་ཅིན་ནས་ཨོ་སི་ཁྲུ་རི་ཡ་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་དཔོན་ཨ་ཕེ་ཚོགས་གཙོ་ཡིན་པའི་ཨོ་སི་ཁྲུ་རི་ཡ་དང་ཀྲུང་གོའི་མཛའ་འབྲེལ་མཐུན་ཚོགས་ཀྱི་མཐོ་རིམ་འཐུས་ཚབ་ཚོགས་པར་མཇལ་འཕྲད་གནང།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ན་ནིང་གི་ཟླ་བཞི་བར་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཧྥན་ཏི་པེ་ལུན་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཨོ་སི་ཁྲུ་རི་ཡའི་བར་མཛའ་མཐུན་འཐབ་ཇུས་གྲོགས་པོའི་འབྲེལ་བའི་གཏན་གནས་གསར་བ་གཏན་འཁེལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་མ་འོངས་པའི་འཕེལ་རྒྱས་ཐད་ལ་ཁ་ཕྱོགས་གསལ་བོར་བསྟན། ཅང་མ་འགོར་བའི་སྔོན་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་འཕེལ་རྒྱས་མཉམ་ལས་ཀྱི་གྲོས་གཞི་རྒྱས་བཤད་མཛད་པ་དང་། མཉམ་གྲོས་དང་མཉམ་སྐྲུན། མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱས་ཏེ། མཉམ་ཤུགས་སྒོས་སྒོ་འབྱེད་སྣ་མང་གི་འཛམ་གླིང་དཔལ་འབྱོར་གསར་སྐྲུན་བྱེད་པ་དང་། མི་གཙོར་འཛིན་པ་རྒྱུན་འཁྱོངས་བྱས་ནས་ཧུར་ཐག་སྒོས་ཀུན་ཕན་བཟོད་སྒོམ་གྱི་བདེ་སྐྱིད་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། མི་དང་རང་བྱུང་འཆམ་མཐུན་མཉམ་གནས་བྱེད་པའི་མཛེས་པའི་ཁྱིམ་གཞི་གསར་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་བསྟན་པར་མ་ཟད། ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་སྔར་ལས་རྒྱ་བསྐྱེད་པ་དང་མཉམ་དུ་འཕེལ་རྒྱས་སུ་འགྲོ་བ་དང་མིའི་རིགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་བའི་ལངས་ཕྱོགས་དང་འདོད་ཚུལ་བཏོན། ཀྲུང་གོས་དུས་དང་རྣམ་པ་ཀུན་ཏུ་ཨོ་སི་ཁྲུ་རི་ཡ་བར་གྱི་མཛའ་མཐུན་འགྲོ་འོང་དང་གཉིས་ཕན་མཉམ་ལས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

ཨ་ཕེ་ཡིས་བཤད་རྒྱུར། ཨོ་སི་ཁྲུ་རི་ཡ་ཕྱོགས་ཀྱིས་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་བརྗེ་རེས་དང་མཉམ་ལས་ལ་ཤུགས་འདོད་ཡོད། ཨོ་སི་ཁྲུ་རི་ཡ་ཕྱོགས་ཀྱིས་ཀྲུང་གོས་གསར་དུ་བཏོན་པའི་ལྗང་མདོག་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་གྱི་འདུ་ཤེས་ལ་གཟེངས་བསྟོད་བྱེད་པར་མ་ཟད་ཀྲུང་གོ་དང་མཉམ་དུ་ནམ་ཟླའི་འགྱུར་ལྡོག་སོགས་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་ལ་ཁ་གཏད་འཇལ་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།