2018ལོར་རྒྱལ་ཡོངས་ཀྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭར་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར7372བཏང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ནོར་སྲིད་པུས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། 2018ལོར་རྒྱལ་ཡོངས་ཀྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭར་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར7372བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས46.4%འཕར་ཡོད། སྡོད་ཁང་སྐྱོ་ཁུལ་ཁྲི626སྒྱུར་བཀོད་བྱེད་འགོ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་སྤྱི་པའི་བོགས་གཏོང་ཁང་པ་ཁྲི30ཡི་ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལེགས་སྒྲུབ་དང་གྲོང་གསེབ་ཀྱི་ཉེན་ཁང་ཁྲི190སྒྱུར་བཀོད་ལེགས་སྒྲུབ་བྱས་ཡོད།

ཀྲུང་དབྱང་གིས་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭར་ཁ་གསབ་སྤྲོད་ཤུགས་ཆེ་རུ་བཏང་ཞིང་། 2018ལོར་ཀྲུང་དབྱང་ནོར་སྲིད་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་བཀོད་སྒྲིག་ནས་འགན་ལེན་རང་བཞིན་གྱི་བདེ་སྡོད་ལས་གྲྭར་བཏང་བའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར2442ཟིན་ཡོད། དེའི་ནང་གྲོང་ཁྱེར་དང་གྲོང་རྡལ་གྱི་འགན་ལེན་རང་བཞིན་གི་བདེ་སྡོད་ལས་གྲྭར་ཁ་གསབ་སྒོར་དུང་ཕྱུར2176སྤྲད་པ་དེས89.1%ཟིན་པ་དང་། གྲོང་གསེབ་ཀྱི་ཉེན་ཁང་སྒྱུར་བཀོད་ལ་ཁ་གསབ་སྒོར་དུང་ཕྱུར་266སྤྲད་པ་དེས10.9%ཟིན་ཡོད། གཙོ་གནད་ཐོག་རྒྱབ་སྐྱོར་བྱ་རྒྱུར་དམིགས་ནས་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་སོགས་རིགས་བཞི་ཡི་གཙོ་གནད་ཀྱི་ཉེན་ཁང་སྒྱུར་བཀོད་ལ་གཅིག་སྡུད་ཐོག་རྒྱབ་སྐྱོར་བྱེད་པའི་རྨང་གཞིའི་ཐོག་ཤིན་ཏུ་དབུལ་བའི་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་། “ས་ཁུལ་གསུམ་དང་ཀྲོའུ་གསུམ”སོགས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཉེན་ཁང་སྒྱུར་བཀོད་ཀྱི་ལས་འགན་སྔོན་ལ་བཀོད་སྒྲིག་བྱས་ཏེ་ཤིན་ཏུ་དབུལ་བའི་ས་ཁུལ་ཞིང་ཆེན་གྱི་དུད་ཚང་རེའི་ཆ་སྙོམས་ཁ་གསབ་མཐོ་རུ་བཏང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།