ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་འཛམ་གླིང་བདེ་ཐང་གླེང་སྟེགས་ཚོགས་ཆེན་ཚོགས་འགོ་བརྩམས་པར་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ6པའི་ཚེས11ཉིན། པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱི་འཛམ་གླིང་བདེ་ཐང་གླེང་སྟེགས་ཚོགས་ཆེན་ཆིན་ཏོ་ནས་ཚོགས་འགོ་བརྩམས་པ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚོགས་ཆེན་ལ་རྟེན་འབྲེལ་ཞུ་བའི་འཕྲིན་ཡིག་བསྐུར།

ཞི་ཅིན་ཕིང་གིས་བསྟན་དོན། མི་རེ་རེ་ཡིས་བདེ་ཐང་ལོངས་སྤྱོད་བྱེད་པ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་རེ་འདུན་ཡིན་པ་དང་མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་མཉམ་སྐྲུན་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན། འཛམ་གླིང་གི་འཕྲོད་བསྟེན་ལས་དོན་ལ་སྐུལ་འདེད་གཏོང་བ་ནི་ཉིས་སྟོང་སུམ་ཅུ་ལོའི་རྒྱུན་མཐུད་འཕེལ་རྒྱས་གྲོས་རིམ་དངོས་འབེབས་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན། པའོ་ཨོ་ཨེ་ཤ་ཡ་གླེང་སྟེགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཨེ་ཤ་ཡ་དང་དེ་མིན་འཛམ་གླིང་གི་ཐུན་མོང་འཕེལ་རྒྱས་དང་མི་དམངས་ལ་བདེ་སྐྱིད་སྐྲུན་པར་སྐུལ་འདེད་གཏོང་བར་འབད་བརྩོན་བྱེད་ཀྱིན་ཡོད་ལ། ཐེངས་འདིའི་ཚོགས་ཆེན་ཚོགས་དོན་ནི་དེའི་ཕྱོགས་ལ་འབད་བརྩོན་བྱེད་རྒྱུ་དེ་ཡིན། ཚོགས་ཆེན་གྱིས་ཕན་ནུས་ལྡན་པའི་སྒོ་ནས་ཕྱོགས་སོ་སོའི་སྟོབས་ཤུགས་དང་ཐུན་མོང་གི་ལྟ་ཚུལ་གཅིག་སྡུད་བྱས་ཏེ། ཕན་ཚུན་བར་བརྗེ་རེས་དང་དཔྱད་གཞིར་འཛིན་པ་དང་། འཛམ་གླིང་ཡོངས་ཀྱི་བདེ་ཐང་ལས་དོན་དང་བདེ་ཐང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཕྲོད་བསྟེན་བདེ་ཐང་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། མིའི་རིགས་ཡོངས་ཀྱི་བདེ་ཐང་དང་བདེ་སྐྱིད་ཐད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།