ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་པ་ཡུས་ལ་གློག་འཕྲིན་བཏང་སྟེ་ཁོས་བསྟུད་མར་ཐེ་གོའི་ཙུང་ལིའི་འགན་འཁུར་བར་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་པ་ཡུས་ལ་གློག་འཕྲིན་བཏང་སྟེ་ཁོས་བསྟུད་མར་ཐེ་གོའི་ཙུང་ལིའི་འགན་འཁུར་བར་རྟེན་འབྲེལ་ཞུས།

ལིས་ཁི་ཆང་གིས་རྟེན་འབྲེལ་ཞུ་བའི་གློག་འཕྲིན་ནང་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ། ཁྱེད་ཀྱི་འགོ་ཁྲིད་འོག ཐེ་གོ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད། ཁྱེད་ཀྱིས་མུ་མཐུད་དུ་ཐེ་གོའི་མི་དམངས་གྱི་འགོ་ཁྲིད་དེ་རྒྱལ་ཁབ་སྔར་ལས་འཛུགས་སྐྲུན་བཟང་བོ་བྱེད་པར་བདག་ལ་ཡིད་ཆེས་ཡོད། བདག་གིས་ཁྱེད་དང་མཉམ་དུ་མུ་མཐུད་ནས་འབད་བརྩོན་བྱས་ཏེ། ཀྲུང་གོ་དང་ཐེ་གོའི་སྲོལ་རྒྱུན་མཛའ་བཤེས་དར་སྤེལ་བྱེད་པ་དང་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།