ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་བར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124625355_15605330757871n.jpg

ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པ་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ཀྱི་རྒྱལ་ས་པུས་ཧྲི་ཁེ་ཁི་ནས་ཚོགས་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དྲུག་པའི་ཚེས་བཅུ་བཞི་ཉིན། ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་ཐེངས་བཅུ་དགུ་པ་ཅི་ཨར་ཅི་སི་སི་ཐན་རྒྱལ་ཁབ་ཀྱི་རྒྱལ་ས་པུས་ཧྲི་ཁེ་ཁི་ནས་ཚོགས་པ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་རྒྱ་གར་གྱི་ཙུང་ལི་མའོ་ཏེ། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁ་དབྱི་ཧྥུའུ། ཅི་ཨར་ཅི་སི་སི་ཐན་གྱི་ཙུང་ཐུང་རའེ་ཨུན་པེ་ཁི་ཧྥུའུ། ཕ་ཁི་སི་ཐན་གྱི་ཙུང་ལི་དབྱི་མུའུ་ལན་ཧན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན། ཐ་ཅི་ཁི་སི་ཐན་གྱི་ཙུང་ཐུང་ལ་ཧི་མན། ཝུའུ་ཙི་པེ་ཁི་སི་ཐན་གྱི་ཙུང་ཐུང་མུས་ཨར་ཅི་ཡའོ་དབྱི་ཧྥུའུ་སོགས་གྲོས་ཚོགས་ལ་ཞུགས།

1124625355_15605330757891n.jpg

ཚོགས་ཐོག་ཏུ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁ་ཡིག་ལ་སེམས་ཤུགས་གཅིག་སྒྲིལ་དང་དངོས་གཉེར་མདུན་སྐྱོད་སྒོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་མཛེས་པའི་མ་འོངས་པ་མཉམ་སྐྲུན་བྱེད་དགོས་ཞེས་པའི་གསུང་བཤད་གལ་ཆེན་གནང་། ཁོང་གིས་གསུངས་རྒྱུར། དེང་སྐབས་རྒྱལ་སྤྱིའི་གནས་བབ་ལ་འགྱུར་ལྡོག་བྱུང་ནའང་ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་ལ་ཕྱིར་ལྡོག་མེད། ང་ཚོས་འཛམ་གླིང་སྣ་མང་ཅན་དང་དཔལ་འབྱོར་འཛམ་གླིང་ཅན་གྱི་གནས་བབ་ཆེན་པོ་གསལ་བོར་ཤེས་པར་བྱས་ཏེ། ཧྲང་ཧེ་སྙིང་སྟོབས་ཁྲོད་དུ་རིག་སྟོབས་སྔོག་འདོན་བྱེད་པ་དང་མཐུན་སྒྲིལ་མཉམ་ལས་ཁྲོད་དུ་སྟོབས་ཤུགས་ཆེན་པོ་འདོན་དགོས་པར་མ་ཟད་ལག་རྡང་སྦྲེལ་ཏེ་སྔར་ལས་དམ་པོའི་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་དགོས། གཅིག ང་ཚོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་མཐུན་སྒྲིལ་ཡིད་ཆེས་ཀྱི་དཔེ་སྟོན་ཞིག་ཏུ་གསར་སྐྲུན་བྱེད་དགོས། གཉིས། ང་ཚོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་བདེ་འཇགས་དང་ཉེན་ཁ་མཉམ་ཁུར་གྱི་དཔེ་སྟོན་ས་ཞིག་ཏུ་གསར་སྐྲུན་བྱེད་དགོས། གསུམ། ང་ཚོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་གཉིས་ཕན་མཉམ་རྒྱལ་གྱི་དཔེ་སྟོན་ས་ཞིག་ཏུ་གསར་སྐྲུན་བྱེད་དགོས། བཞི། ང་ཚོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་དེ་བཟོད་སྒོམ་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་དཔེ་སྟོན་ཞིག་ཏུ་གསར་སྐྲུན་བྱེད་དགོས་ཟེར།

1124625355_15605336541721n.jpg

ཚོགས་འདུར་ཞུགས་པའི་འགོ་ཁྲིད་པས་ཕྱོགས་མང་རིང་ལུགས་རྒྱུན་འཁྱོངས་བྱེད་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས་དང་རྩ་དོན་བརྩི་སྲུང་བྱས་ཏེ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྨང་གཞིའི་སྟེང་རྣམ་པ་གསར་བའི་རྒྱལ་སྤྱིའི་འབྲེལ་བ་འཛུགས་སྐྲུན་བྱེད་པར་མ་ཟད་མིའི་རིགས་ཀྱི་ལས་སྐལ་ཕུང་བོ་གཅིག་དྲིལ་ཅན་གསར་སྐྲུན་བྱེད་པའི་འདུ་ཤེས་ཆགས་པར་འབད་བརྩོན་བྱེད་དགོས་ཞེས་ནན་གྱིས་བསྟན་པར་མ་ཟད། ཧུར་ཐག་སྒོས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཀྱིས་རྒྱལ་སྤྱི་དང་ས་གནས་ཀྱི་ལས་དོན་ཁྲོད་དུ་ནུས་པ་ཆེན་པོ་འདོན་པར་འཐད་པ་བྱུང་།

ཚོགས་ཐོག་ནས་ཧྲང་ཧེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་ཀྱི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཚོགས་རྗེས་མ་དེ་ཨུ་རུ་སི་ནས་འཚོགས་རྒྱུ་ཐག་བཅད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།