ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་མ་ཆི་ཏོན་གྱི་གྲོས་དཔོན་ཀྲ་ཧྥེ་ལི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-06-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124635693_15607798431331n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཟླ་དྲུག་པའི་ཚེས་བཅུ་བདུན་ཉིན་པེ་ཅིན་དུ་མ་ཆི་ཏོན་གྱི་གྲོས་དཔོན་ཀྲ་ཧྥེ་ལི་ལ་མཇལ་འཕྲད་གནང་།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་སྣེ་ཁྲིད་འོག་ཏུ། ཕྱོགས་གཉིས་ཀྱི་གཉིས་ཕན་མཉམ་རྒྱལ་ཁྱབ་ཁོངས་སྔར་ལས་ཆེན་པོར་གོང་འཕེལ་དུ་སོང་། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ལོ་ཡིན་ལ། ཀྲུང་གོ་མི་དམངས་ཀྱིས་རང་སྟོབས་རང་སྤེལ་དང་། གསར་སྤེལ་གསར་གཏོད་བྱས་ཏེ། རྒྱལ་ཁབ་ཀྱི་རྣམ་པ་ལ་གནམ་ས་བླ་འོག་བརྗེ་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པའི་རྩ་བ་ནི། ཀྲུང་གོ་གུང་ཁྲན་ཏང་གི་སྟོབས་ལྡན་འགོ་ཁྲིད་འོག་ཏུ། བཅོས་སྒྱུར་སྒོ་འབྱེད་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་གནས་བབ་དང་འཚམ་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དུ་ཞུགས་པ་དེ་ཡིན། དུས་མཉམ་དུ་རང་ངོས་ཀྱི་སྟོབས་ཤུགས་འཕེལ་རྒྱས་སུ་བཏང་ནས། རྒྱལ་ཁབ་སོ་སོ་མཉམ་དུ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་པ་དང་ཟུང་འབྲེལ་བྱས་ནས། སྒོ་འབྱེད་རང་བཞིན་གྱི་འཛམ་གླིང་དཔལ་འབྱོར་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས། ཧུར་ཐག་གིས་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་འཕེལ་རྒྱས་ཀྱི་བར་སྟོང་དང་ལམ་ལུགས་རང་བཞིན་གྱི་ཁེ་དབང་བརྩོན་ལེན་བྱེད་ཀྱིན་ཡོད། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་མ་ཆི་ཏོན་བྱང་མའི་གྲོས་ཞུགས་ཁང་བར་གྱི་བརྗེ་རེས་བྱེད་པར་ཤུགས་བསྣན་ནས། དངོས་གཉེར་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ཀྲ་ཧྥེ་ལི་ཡིས་བསྟན་དོན། ཀྲུང་གོའི་འཕེལ་རྒྱས་གྲུབ་འབྲས་ལ་རྗེས་སུ་ཡི་རངས་བྱེད་ཀྱིན་ཡོད། མ་ཆི་ཏོན་བྱང་མའི་གྲོས་ཞུགས་ཁང་གིས་ཧུར་ཐག་གིས་རྒྱལ་ཁབ་གཉིས་ཀྱི་བརྗེ་རེས་དང་མཉམ་ལས་ལ་རྒྱབ་སྐྱོར་བྱས་ནས། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཁྲོད་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཆུ་ཚད་གསར་པ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཧྲིན་ཡོ་ཡོ་མཇལ་འཕྲད་ལ་ཞུགས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།