ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྙན་ཞུ་ལས་ན་གཞོན་ཡུལ་གྱར་བས་སློབ་གསོ་མྱོང་བའི་གནས་ཚུལ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཛམ་གླིང་མི་ཆོས་རིང་ལུགས་ཀྱི་མཐོ་རིམ་གྲོས་ཚོགས་ཐོག་དང་པོ་མི་འགྱངས་པར་བསྡུ་ལ་ཉེ་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཡུལ་གྱར་བའི་ལས་དོན་ཁང་དང་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་དང་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་ཚེས་ཉི་ཤུའི་ཉིན་མཉམ་འབྲེལ་སྙན་ཞུ་སྤེལ་ཏེ། འཛམ་གླིང་ཡོངས་ཀྱི་ན་གཞོན་ཡུལ་གྱར་བས་སློབ་གསོ་མྱོང་བའི་གནས་ཚུལ་ལ་སེམས་ཁུར་བྱེད་པའི་ཚུལ་བསྟན། སྙན་ཞུ་ལས་བཤད་རྒྱུར། འཛམ་གླིང་ཡོངས་སུ་གང་སར་འཁྱམས་པའི་བྱིས་པའི་ཡུལ་གྱར་བའི་ཁྲོད། ཕྱེད་ཀ་ཙམ་གྱིས་མ་གཏོགས་སློབ་ཆུང་གི་སློབ་གསོ་མྱངས་མེད། འཛམ་གླིང་ཡོངས་ཀྱི་ན་གཞོན་ཡུལ་གྱར་བའི་ཁྲོད་སློབ་འབྲིང་གི་སློབ་གསོ་མྱོང་མཁན་བཞི་ཆའི་གཅིག་ཙམ་ལས་མེད། དེ་ལས་གཞན་ཡུལ་གྱར་བའི་ཁྲོད་བུ་མོ་ལོ་ཆུང་གིས་སློབ་གསོ་མྱོང་བའི་གནས་ཚུལ་དེ་ལས་ཀྱང་སྡུག་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།