ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་དང་ལེ་པའོ་མན་གྱིས་ནེ་ཀི་རྒྱ་བསྐྱེད་པའི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་ཙུང་ལི་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཚེས་ཉེར་ལྔ་ཉིན་སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན་ལེ་པའོ་མན་དང་མཉམ་དུ་ཁོས་མགོ་ཁྲིད་པའི་དབྱི་སི་རལ་ནི་ང་ཚོའི་ཁྱིམ་གཞིས་ཡིན་ཞེས་པ་དེ་སྲིད་འཛིན་མནའ་འབྲེལ་དུ་ཞུགས་པའི་གྲོས་མཐུན་བཀོད། 

ནེ་ཐཱ་ནི་ཡཱ་ཧུའུ་དང་ལེ་པའོ་མན་གྱིས་ཉིན་དེའི་དབྱི་སི་རལ་གྱི་གྲོས་ཚོགས་ནས་བཀོད་པའི་ནེ་ཀི་རྒྱ་བསྐྱོད་པའི་གྲོས་མཐུན་ལྟར་ན། ལེ་པའོ་མན་གྱིས་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་རྒྱུ་ཡིན་པ་དང་། དབྱི་སི་རལ་ནི་ང་ཚོའི་ཁྱིམ་གཞིས་ཡིན་ཞེས་པའི་གྲོས་མི་གཞན་པ་ལན་ཏི་ཧྥོ་ཡིས་གནས་སྤོར་སྡོད་དམངས་ཀྱི་མགོ་བའི་འགན་ཁུར་རྒྱུ་རེད། ལེ་པའོ་མན་དང་ལན་ཏི་ཧྥོ་གཉིས་ཀྱིས་གྲོས་ཚོགས་ཀྱི་ཆོག་མཆན་ཐོབ་རྗེས་གཟའ་འཁོར་རྗེས་མར་ལས་འགན་ཁུར་རྒྱུ་རེད།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མིང་འགོད་མཛད་སྒོའི་སྟེང་བཤད་རྒྱུར། ལེ་པའོ་མན་དང་དེས་མགོ་ཁྲིད་པའི་དབྱི་སི་རལ་ནི་ང་ཚོའི་ཁྱིམ་གཞིས་ཡིན་ཞེས་པ་སྲིད་འཛིན་མནའ་འབྲེལ་དུ་ཞུགས་རྗེས་སྲིད་གཞུང་སྔར་ལས་གཏན་འཇགས་ཡོང་སྲིད་པ་དང་། ངའི་སྲིད་ཇུས་འགྱུར་མི་སྲིད་ལ། ངས་སྔར་བཞིན་ཕཱ་ལེ་སི་ཐན་བར་ཞི་བདེ་བརྩོན་ལེན་བྱེད་པར་འབད་བརྩོན་བྱེད་ངེས་ཡིན་ཟེར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ད་རུང་བཤད་རྒྱུར། ཁོས་སྔར་བཞིན་ཡིའུ་ཐེ་བའི་རྒྱལ་ཁབ་སླར་གསོ་རིང་ལུགས་མཁན་གྱི་མནའ་འབྲེལ་དང་བཟོ་བའི་ཏང་གི་ཀྲུའུ་ཞི་ཧི་ཨར་ཙོ་ཁི་ནེ་ཀིའི་ནང་ཞུགས་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ལེ་པའོ་མན་གྱིས་མིང་འགོད་མཛད་སྒོའི་སྟེང་བསྟན་དོན། ཁོ་འགན་ཁུར་བའི་པུའུ་ཀྲང་ཞིག་ཏུ་འགྱུར་སྲིད་པ་དང་། དབྱི་སི་རལ་གྱི་སྲིད་གཞུང་གིས་མུ་མཐུད་དུ་ཞི་བདེའི་དམ་བཅའ་ལག་བསྟར་བྱེད་རྒྱུ་ཡིན་ཟེར།

ཟླ་འདིའི་ཚེས་བཅོ་བརྒྱད་ཉིན། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་མགོ་ཁྲིད་པའི་ལེ་ཁུའུ་ཏི་སྡེ་ཚོགས་ཀྱིས་ལེ་པའོ་མན་གྱིས་མགོ་ཁྲིད་པའི་དབྱི་སི་རལ་ནི་ང་ཚོའི་ཁྱིམ་གཞིས་ཡིན་ཞེས་པ་དང་མཉམ་དུ་གྲོས་མོལ་བྱེད་མགོ་བརྩམས་པ་ཁྱབ་སྒྲོག་བྱས། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ལེ་པའོ་མན་གྱིས་རྒྱལ་སྲུང་བློན་ཆེན་གྱི་འགན་ཁུར་དུ་འཇུག་འདོད་པའི་གནས་ཚུལ་བསྒྲགས་རྗེས། རྒྱལ་སྲུང་བློན་ཆེན་ཡཱ་ཨ་ལུང་གིས་ཚེས་ཉི་ཤུའི་ཉིན་ཁོར་ནེ་ཐཱ་ནི་ཡཱ་ཧུའུ་ཡིས་ཡིད་ཆེས་མི་བྱེད་པ་རྒྱུ་མཚན་དུ་བྱས་ཏེ་ལས་ཁུར་དགོངས་ཞུ་བྱས།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།