ཀྲུང་གོ་བོད་ཀྱི་དྲ་བ།

ལྷོ་ཕྱོགས་རྒྱ་མཚོའི་བར་འདུམ་མཇུག་འབྲས་ལ་དོགས་གཞི་ཆེ་བ་དང་ཕྱོགས་སོ་སོས་གྲོས་མོལ་ལ་བརྟེན་ནས་རྩོད་གླེང་ཐག་གཅོད་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-07-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥེ་ལེ་པེན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་ཅི་ནོའུ་སྐུ་ཕྲེང་གསུམ་པའི་སྲིད་གཞུང་གི་ཁྲིམས་འགལ་བྱ་སྤྱོད་དང་རེ་འདོད་ཀྱི་རྨང་གཞིའི་སྟེང་བཙུགས་པའི་ལྷོ་ཕྱོགས་རྒྱ་མཚོའི་བར་འདུམ་གྱོད་དོན་དང་འབྲེལ་བའི་བར་འདུམ་ཁྲིམས་ཁང་གིས་ཚེས་བཅུ་གཉིས་ཉིན་མངའ་ཁོངས་ཀྱི་བདག་དབང་དང་རྒྱ་མཚོའི་བགོ་ཚུལ་སོགས་བར་འདུམ་ཁྲིམས་ཁང་གི་དབང་འོག་མིན་པའི་ལས་དོན་ལ་ཁྲིམས་འགལ་དང་ནུས་ལྡན་མིན་པའི་མཇུག་མཐའི་ཐག་གཅོད་བྱས། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། བར་འདུམ་གྲོས་ཆོད་དེ་ནུས་མེད་ཡིན་པ་དང་། དེར་གཞི་འཛིན་གྱི་ནུས་པ་མེད། ཀྲུང་གོས་དེ་ཁས་ལེན་བྱེད་མི་སྲིད་ཟེར།

རྒྱལ་ཁབ་མང་བོའི་སྲིད་གཞུང་དང་དཔོན་རིགས། མཁས་པ་སོགས་ཀྱིས་ཀྲུང་གོའི་ལྷོ་ཕྱོགས་རྒྱ་མཚོའི་གནད་དོན་གྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་བྱེད་པའི་ཚུལ་བསྟན།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།