ཀྲུང་གོ་བོད་ཀྱི་དྲ་བ།

ཏུའུ་ཐི་ཨར་ཐི་ཡིས་སྡིག་དམོད་བྱས་པའི་དབང་གིས་ཕོ་བྲང་དཀར་པོས་ཨ་མེ་རི་ཁ་དང་ཧྥེ་ལེ་པེན་གྱི་ཙུང་ཐུང་གི་གྲོས་མོལ་རྩིས་མེད་དུ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-09-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

6日,菲律宾总统杜特尔特在各国记者的追问声中走入老挝东盟峰会会场。.png

ཚེས་དྲུག་ཉིན་ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་ཡིས་རྒྱལ་ཁབ་སོ་སོའི་གསར་འགོད་པའི་དྲི་བར་ལན་འདེབས་ཞོར་ལའོ་ཝའོ་ཡི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ཀྱི་ཚོགས་རར་འགྲོ་བཞིན་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཨོ་པཱ་མཱ་ཡིས་ཚེས་དྲུག་ཉིན་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་སྟེང་ཧྥེ་ལེ་པེན་གྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་དང་གྲོས་མོལ་བྱེད་པའི་འཆར་གཞི་རྩིས་མེད་དུ་བཏང་། ཨ་མེ་རི་ཁ་དང་ཧྥེ་ལེ་པེན་མནའ་མཐུན་གྲོགས་པོའི་བར་མཐོང་དཀོན་པའི་ཕྱི་ཕྱོགས་འབྲེལ་བར་སྐྱོན་ཞུགས་པའི་དོན་རྐྱེན་ཞིག་བྱུང་བ་རེད། ཨོ་པཱ་མཱ་ཡིས་སྔོན་ཏུའུ་ཐི་ཨར་ཐི་དང་མཉམ་དུ་ལྷོ་ཕྱོགས་རྒྱ་མཚོའི་གནད་དོན་སོགས་འཐབ་ཇུས་གནད་དོན་ལ་གྲོས་བསྡུར་བྱེད་རྩིས་ཡོད་ལ། སྔོན་གྱི་གོམས་སྲོལ་ལྟར་དུ་འགྲོ་མིའི་ཐོབ་ཐང་གི་གནད་དོན་གླེང་སྲིད། དེ་བས་ཏུའུ་ཐི་ཨར་ཐི་ལ་ཁོང་ཁྲོ་བསླངས་པ་མངོན་གསལ་རེད། 
ཏུའུ་ཐི་ཨར་ཐི་ཡིས་ཚེས་ལྔ་ཉིན་གསར་འགྱུར་ལས་རིགས་ཀྱི་བཅར་འདྲི་དང་ལེན་བྱེད་སྐབས་མི་སུ་དང་གང་གིས་ང་ཚོར་ཐེ་གཏོགས་བྱེད་མི་རུང་། ངེད་ཚོ་ནི་རང་བཙན་གྱི་བདག་དབང་རྒྱལ་ཁབ་ཅིག་ཡིན་པས་མི་གང་རུང་ལ་མགོ་སྒུར་མི་སྲིད་ཅེས་ཨ་མེ་རི་ཁར་དམིགས་ནས་སྡིག་དམོད་བྱས་པ་རེད།

ཐེངས་འདིའི་ཨེ་ཤ་ཡཱ་ཤར་ལྷོའི་མནའ་འབྲེལ་གྱི་མཐོ་རིམ་གྲོས་ཚོགས་ནི་ཏུའུ་ཐི་ཨར་ཐི་ཡིས་ལས་འགན་ཁུར་བའི་རྗེས་སུ་ཕྱི་འབྲེལ་དོན་ཆེན་ཞིག་ཡིན་པ་དང་། ཁོས་མཐོ་རིམ་གྲོས་ཚོགས་སྐབས་སུ་ཨོ་པཱ་མཱ་དང་གྲོས་མོལ་བྱེད་པ་དེ་ཐེངས་འདིའི་མཐོ་རིམ་གྲོས་ཚོགས་ཀྱི་ནང་དོན་གཙོ་བོ་ཞིག་ཏུ་གྱུར་ཡོད། སྡིག་དམོད་བྱས་པའི་དོན་རྐྱེན་བྱུང་རྗེས། ཨོ་པཱ་མཱ་ཡིས་ཚེས་ལྔ་ཉིན་ཏུའུ་ཐི་ཨར་ཐི་ནི་སྤྲོ་བས་ཁེངས་པའི་མི་ཞིག་རེད་ཅེས་རང་ཉིད་ཀྱི་ཁོག་རྒྱ་ཆེ་བའི་ཉམས་སྟོན་ཡང་ཁོང་ཁྲོའི་རྣམ་འགྱུར་འགོག་ཐབས་མི་འདུག དུས་ཚོད་འགའི་རྗེས་སུ་ཕོ་བྲང་དཀར་པོས་ཨོ་པཱ་མཱ་དང་ཏུའུ་ཐི་ཨར་ཐི་ཡི་གྲོས་མོལ་རྩིས་མེད་དུ་བཏང་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།