ཀྲུང་གོ་བོད་ཀྱི་དྲ་བ།

ཕེའོ་ཅིན་ཧོས་ཀྱིས་ཏན་མག་གི་དབུ་བཞུགས་བློན་ཆེན་ལ་ཐུག་འཕྲད་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྒྱ་བསྐྱེད་པའི་ཇུས་གཞིར་མཉམ་དུ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱིས་ཚེས་ཉེར་ལྔ་ཉིན་ཆིན་ཝ་ཐེ་ནས་འཚམས་འདྲིར་ཡོང་བའི་ཏན་མག་གི་དབུ་བཞུགས་བློན་ཆེན་ལཱ་སི་མུའུ་སིན་དང་གྲོས་མོལ་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་མཉམ་ལས་རྒྱ་བསྐྱེད་པའི་ཇུས་གཞིར་མཉམ་དུ་གྲོས་བསྡུར་བྱས།

གྲོས་མོལ་མཇུག་སྒྲིལ་རྗེས། མགོ་ཁྲིད་པ་གཉིས་ཀྱིས་ཐོན་ལས་མཉམ་ལས་དང་བདེ་ཐང་ཉེན་ཚབ་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བའི་བཟོད་སྒོམ་བརྗེད་ཐོའི་སྟེང་མིང་བཀོད།

ཐོན་ལས་མཉམ་ལས་ཐད་ནས་རྒྱལ་ཁབ་གཉིས་ཀྱིས་མཉམ་ལས་ཁྱབ་ཁོངས་དེ་སྔོན་ཆད་ཀྱི་ལྷད་མེད་གྲུ་གཟིངས་ནས་ཇུས་འགོད་དང་ཁོར་སྲུང་ལག་རྩལ་སོགས་ལ་རྒྱ་བསྐྱེད་རྒྱུ་རེད། དེ་བས་རྒྱལ་ཁབ་གཉིས་ཀྱིས་མཐོ་རིམ་ཐོན་ལས་མཉམ་ལས་ཀྱི་ཐུན་མོང་ཨུ་ཡོན་ལྷན་ཁང་འཛུགས་རྒྱུ་རེད། 
བདེ་ཐང་ཉེན་ཚབ་ཀྱི་མཉམ་ལས་ཐད་ནས། ཧན་གོས་ཏན་མག་ལ་ཧན་གོའི་བདེ་ཐང་ཉེན་ཚབ་ཀྱི་སྒྲིག་ལུགས་མཚམས་སྦྱོར་བྱེད་རྒྱུ་ཡིན་པ་དང་། ཏན་མག་གིས་ཧན་གོ་དང་མཉམ་དུ་སྨན་རྫས་ཐོན་ལས་སྲིད་ཇུས་ཀྱི་ཉམས་མྱོང་མཉམ་སྤྱོད་བྱེད་རྒྱུ་རེད།

དེ་ལས་གཞན་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པས་ད་རུང་དམག་དོན་བཟོ་ལས་ཐོན་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཏན་མག་གིས་ཧན་གོའིK-9རྟགས་ཅན་གྱི་མེ་སྒྱོགས་ནང་འདྲེན་བྱེད་པའི་ཇུས་གཞི་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་ཟབ་མོ་བྱས། དེ་དང་མཉམ་དུ་ཕྱོགས་གཉིས་ཀྱིས་ད་རུང་ནམ་ཟླའི་འགྱུར་ལྡོག་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་ཐག་བཅད་པ་དང་། ལས་བསྐྲུན་ལ་ཤུགས་སྣོན་པ་དང་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་ཀྱི་མཉམ་ལས་ཇུས་གཞི་སོགས་ཀྱི་ཐད་ནས་བསམ་འཆར་བརྗེ་རེས་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།