ཀྲུང་གོ་བོད་ཀྱི་དྲ་བ།

ཁུན་ནེ་ཡཱའི་མཐའ་མཚམས་གྲོང་རྡལ་གྱི་མགྲོན་ཁང་ཞིག་ཏུ་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཁུན་ནེ་ཡཱའི་བྱང་ཤར་ཕྱོགས་ཀྱི་སོ་མཱ་ལི་དང་ཉེ་བའི་མཐའ་མཚམས་ས་ཁུལ་གྱི་མན་ཏི་ལཱ་གྲོང་རྡལ་གྱི་མགྲོན་ཁང་ཞིག་ལ་ཚེས་ཉེར་ལྔ་ཉིན་གྱི་ཞོགས་པར་དྲག་ཆས་ཉེས་ཅན་གྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་སེར་དཀྱུས་མ་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་འགར་རྨས་ཕོག་ཡོད།

ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དྲག་ཆས་ཉེས་ཅན་གྱིས་འཇབ་རྒོལ་ཁྲོད་ལག་འབོམ་སོགས་འགད་རྫས་བེད་སྤྱོད་བྱས་པ་དང་། དེའི་རྗེས་སུ་ཡུལ་དངོས་ནས་བྲོས་བྱོལ་བྱས། མིག་སྔར་མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞིའི་རྨས་སྐྱོན་ཅུང་ཚབས་ཆེན་རེད་ཟེར།

ཉེན་རྟོག་ཕྱོགས་ཀྱིས་ད་རུང་བཤད་རྒྱུར། འཇབ་རྒོལ་ཐེབས་པའི་མགྲོན་ཁང་དེའི་ཁང་བའི་ཁག་ཅིག་རྡིབས་པ་རེད། མིག་སྔར་མི་བཅུ་ཙམ་ཞིག་རོའི་ཁྲོད་ནས་བསྐྱབས་པ་དང་། རྒུད་སྐྱོབ་བྱ་བ་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

མིག་སྔར་ད་རུང་རྩ་འཛུགས་གང་རུང་གིས་འཇབ་རྒོལ་དོན་རྐྱེན་དེ་བཟོས་པ་ཁས་ལེན་བྱས་མེད། ཉེན་རྟོག་ཕྱོགས་ཀྱིས་སོ་མཱ་ལིའི་ན་གཞོན་ཏང་ཞེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་མི་སྣས་འཇབ་རྒོལ་བྱས་པར་དོགས་པ་ཟ་བཞིན་ཡོད།  །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།