ཀྲུང་གོ་བོད་ཀྱི་དྲ་བ།

མནའ་འབྲེལ་རྟགས་ཅན་གྱི་མི་སྡོད་འཕུར་གྲུས་བདེ་བླག་ངང་རྒྱལ་སྤྱིའི་བར་སྣང་ས་ཚིགས་དང་སྦྲེལ་མཐུད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-11-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཚེས་ཉི་ཤུ་ཉིན་གྱི་སྔ་དྲོར། ཨུ་རུ་སིའི་མནའ་འབྲེལ་རྟགས་ཅན་གྱི་མི་སྡོད་འཕུར་གྲུ་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་བསླེབ་པ་དང་། རྒྱལ་སྤྱིའི་བར་སྣང་ས་ཚིགས་དང་སྦྲེལ་མཐུད་བྱས། འཕེལ་རིམ་ལྟར་ན། སྦྲེལ་མཐུད་བྱེད་སའི་འགག་ཟྭ་གཏན་འཁེལ་དང་རླུང་གནོན་སྙོམ་སྒྲིག་བྱས་རྗེས། མནའ་འབྲེལ་རྟགས་ཅན་གྱི་མི་སྡོད་འཕུར་གྲུའི་སྟེང་གི་མཁའ་འགྲུལ་པ་གསུམ་གྱིས་འཕུར་གྲུའི་ཁ་ཕྱེས་ནས་རྒྱལ་སྤྱིའི་བར་སྣང་ས་ཚིགས་སུ་འགྲོ་རྒྱུ་རེད།

མཁའ་འགྲུལ་པ་དེ་གསུམ་ནི་སོ་སོར་ཨུ་རུ་སིའི་མཁའ་འགྲུལ་པ་ནོའུ་ཝེ་ཚི་ཅི་དང་། ཨ་མེ་རི་ཁའི་བུད་མེད་མཁའ་འགྲུལ་པ་ཧོས་ཐི་སིན། ཧྥ་རན་སིའི་མཁའ་འགྲུལ་པ་ཕའེ་སི་ཁའེ་བཅས་རེད། ཁོ་ཚོས་ཟླ་གཅིག་གི་སྔོན་འབྱོར་བའི་མཁའ་འགྲུལ་པ་གཞན་པ་གསུམ་དང་མཉམ་དུ་བར་སྣང་ས་ཚིགས་སུ་བསྡད་དེ་ཚན་རིག་ཞིབ་འཇུག་བྱེད་རྒྱུ་རེད། དེའི་ནང་ཨ་མེ་རི་ཁའི་བུད་མེད་མཁའ་འགྲུལ་པ་ཧོས་ཐི་སིན་གྱིས་སང་ལོའི་ཟླ་གཉིས་པར་བར་སྣང་ས་ཚིགས་ནས་རང་གི་ལོ་ང་བདུན་གྱི་སྐྱེས་སྐར་ལ་རོལ་རྒྱུ་རེད། ཁོ་མོ་ནི་ལོ་རྒྱུས་སྟེང་བར་སྣང་ས་ཚིགས་སུ་སོང་བའི་ལོ་ན་ཆེས་མཐོ་བའི་བུད་མེད་མཁའ་འགྲུལ་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།