ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་སྲིད་གཞུང་གིས་སྐོར་ཐེངས་གསར་བའི་ཁྲའོ་ཞན་གྱི་བཀག་སྡོམ་བྱེད་ཐབས་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་སྲིད་གཞུང་གིས་ཚེས་གཉིས་ཉིན་ཕྱོགས་གཅིག་ནས་སྤེལ་བའི་ཁྲའོ་ཞན་གྱི་བཀག་སྡོམ་བྱེད་ཐབས་གསར་བ་ཁྱབ་སྒྲོག་བྱས། དེའི་ནང་དོན་དངུལ་ལོར་དང་། མཚོ་ཐོག་སྐྱེལ་འདྲེན། ཕྱིར་གཏོང་ནང་འདྲེན་སོགས་ཀྱི་ཐད་ལ་འབྲེལ་ཡོད། དེ་ནི་ད་ལོའི་ཟླ་གསུམ་པའི་ཚེས་བརྒྱད་ཉིན་གྱི་ཚུན་ལ། ཧན་གོའི་སྲིད་གཞུང་གིས་ཁྲའོ་ཞན་ལ་ཕྱོགས་གཅིག་ནས་སྤེལ་བའི་བཀག་སྡོམ་བྱེད་ཐབས་ཐེངས་གཉིས་པ་རེད།

ཐེངས་འདིའི་བཀག་སྡོམ་བྱེད་ཐབས་ནང་མི་སྒེར་སོ་དྲུག་དང་ལས་ཁུངས་དང་ཁེ་ལས་སོ་ལྔ་ཁ་སྣོན་བྱས་ཡོད། དེའི་ནང་ཁྲའོ་ཞན་གྱི་ཏང་སྲིད་དམག་གསུམ་གྱི་མཐོ་རིམ་མི་སྣ་དང་། ཁྲའོ་ཞན་ངལ་རྩོལ་ཏང་དང་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་སོགས་ལས་ཁུངས། དེ་མིན་གཞི་རྒྱ་ཆེ་བའི་གསོད་རྨས་རང་བཞིན་གྱི་མཚོན་ཆའི་ཐོན་སྐྱེད་དང་ཕྱིར་འཚོང་ལ་འབྲེལ་བ་ཡོད་པར་རློམ་པའི་རྡོ་སོལ་ཕྱིར་གཏོང་དང་རྡོ་སྣུམ་གསར་སྤེལ་སོགས་ཁྱབ་ཁོངས་ཀྱི་ཁེ་ལས་སོགས་འདུས། བཀག་སྡོམ་ཐེབས་པ་དག་གིས་ཧན་གོའི་བར་ཕྱི་དངུལ་དང་དངུལ་ལོར་ཉོ་ཚོང་བྱས་མི་ཆོག་པ་དང་། ཧན་གོའི་མངའ་ཁོངས་སུཡོད་པའི་རྒྱུ་ནོར་བཀག་འཇོག་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།