ཀྲུང་གོ་བོད་ཀྱི་དྲ་བ།

ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁས་བདེ་འཇགས་མཉམ་ལས་ཁྱབ་ཁོངས་ཀྱི་གྲོས་མཐུན་བཀོད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་ཚེས་དྲུག་ཉིན་ཁྱབ་སྒྲོག་བྱས་དོན། ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁས་ཉིན་དེར་ཀི་ལུའུ་ཅི་ཡཱའི་རྒྱལ་ས་ཏིས་པུས་ལེ་སི་ནས་ཉིས་སྟོང་བཅུ་དྲུག་ལོ་ནས་ཉིས་སྟོང་བཅུ་དགུ་ལོའི་བར་གྱི་བདེ་འཇགས་མཉམ་ལས་ཁྱབ་ཁོངས་ཀྱི་གྲོས་མཐུན་བཀོད་ཟེར།

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་གསལ་སྒྲོག་སྤེལ་ཏེ། ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་དང་ཨ་མེ་རི་ཁའི་རྒྱལ་སྲུང་པུའུ་ཡིས་མཉམ་དུ་བཀོད་པའི་རྒྱལ་སྲུང་དང་བདེ་འཇགས་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་གྲོས་ཆོད་ལས་གཙོ་བོ་རྒྱལ་ཁབ་གཉིས་ཀྱི་དུས་ཡུན་རིང་བོའི་བདེ་འཇགས་མཉམ་ལས་ཀྱི་བྱེ་བྲག་གི་དམིགས་འབེན་དང་། མཐུན་སྦྱོར་མཉམ་ལས་ཀྱི་ཁྱབ་ཁོངས་གཙོ་བོ། ཐོན་ཁུངས་ཀྱི་ཕྱིར་གཏོང་ཁ་ཕྱོགས་བཅས་གཏན་འཁེལ་གསལ་བོ་བྱས་ཡོད་ཟེར།

ཀི་ལུའུ་ཅི་ཡཱའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། གྲོས་མཐུན་དེ་ནི་ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁའི་རྒྱལ་སྲུང་དང་བདེ་འཇགས་ཁྱབ་ཁོངས་ཀྱི་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་བཟོད་སྒོམ་བརྗེད་ཐོའི་བྱེ་བྲག་གི་དངོས་འབེབ་ཡིག་ཆ་ཡིན་པ་དང་། དམིགས་ཡུལ་ནི་ཀི་ལུའུ་ཅི་ཡཱའི་དམག་དཔུང་གི་འགོག་སྲུང་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་། ཀི་ལུའུ་ཅི་ཡཱའི་དམག་དཔུང་དང་བྱང་ཆིངས་རྩ་འཛུགས་ཀྱི་དྲག་ཆས་དམག་དཔུང་བར་གྱི་མཐུན་སྦྱོར་ནུས་པ་ཇེ་དྲག་ཏུ་གཏོང་བའི་ཆེད་དུ་ཡིན་ཟེར།

ཉེ་བའི་ལོ་འགའི་རིང་། ཀི་ལུའུ་ཅི་ཡཱ་ཡིས་ཨ་མེ་རི་ཁའི་བར་གྱི་འགོག་སྲུང་མཉམ་ལས་འབྲེལ་བར་ཤུགས་སྣོན་བྱས། ད་ལོའི་ཟླ་བདུན་པར་ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁའི་རྒྱལ་སྲུང་དང་བདེ་འཇགས་ཁྱབ་ཁོངས་ཀྱི་གྲོགས་པོའི་འབྲེལ་བ་ཇེ་ཟབ་ཏུ་གཏོང་བའི་བཟོད་སྒོམ་བརྗེད་ཐོ་བཀོད། ད་ལོའི་ཚུན་ལ། ཀི་ལུའུ་ཅི་ཡཱ་དང་ཨ་མེ་རི་ཁ་སོག་རྒྱལ་ཁབ་ཀྱིས་ཐེངས་མང་བོར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།