ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་སྲིད་འཛིན་ཏང་གིས་གྲོས་མིའི་ཚོགས་ཆེན་བསྡུས་ཏེ་ཙུང་ཐུང་གི་རང་འཚང་ཐེར་འདོན་ཇུས་གཞིར་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་རྒྱལ་ཚོགས་ཀྱིས་ཚེས་དགུའི་ཉིན་ཙུང་ཐུང་གི་རང་འཚང་ཐེར་འདོན་ཇུས་གཞིར་བརྡས་ཐག་གཅོད་རྒྱུ་ཡིན་པ་དང་། སྲིད་འཛིན་ཏང་རྒྱལ་ཁབ་ཏང་གིས་ཚེས་བརྒྱད་ཉིན་གྱི་ཕྱི་དྲོར་གྲོས་མིའི་ཚོགས་ཆེན་བསྡུས་ཏེ། ཙུང་ཐུང་གི་རང་འཚང་ཐེར་འདོན་ཇུས་གཞིར་བརྡས་ཐག་མ་བཅད་གོང་། ཙུང་ཐུང་གི་རང་འཚར་ཐེར་འདོན་བྱ་བར་ཇི་ལྟར་གདོང་གཏོད་པར་གྲོས་བསྡུར་བྱེད་རྒྱུ་ཡིན་ཟེར།

སྲིད་འཛིན་ཏང་གིས་ཉིན་དེར་བསྡུས་པའི་གྲོས་མིའི་ཚོགས་ཆེན་སྟེང་། ཏང་གི་བཅོས་བསྒྱུར་ཇུས་གཞི་དང་ཐེར་འདོན་ཇུས་གཞིར་བརྡས་ཐག་བཅད་རྗེས་ཀྱི་ལམ་ཐིག་འཆར་གཞིའི་ཐད་ནས་གྲོས་མིའི་བསམ་འཆར་ལ་ཉན། གྲོས་མིའི་ཚོགས་ཆེན་མ་བསྡུས་གོང་། ཏང་གི་མགོ་ཁྲིད་པས་ཡོངས་བསྒྲགས་མ་ཡིན་པའི་ཆེས་མཐོའི་མགོ་ཁྲིད་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།