ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལ་རྒོལ་གཏམ་དྲག་པོ་བཏང་བ་དང་རྒྱལ་ཁབ་བཅུ་གཉིས་བར་འབྲེལ་མཚམས་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་སི་རལ་གྱི་རྩོམ་པ་པོ་ཅཱ་སི་ཕིས་ཐི་ཡིས་ནེ་ཐཱ་ནི་ཡཱ་ཧུའུ་སྲིད་གཞུང་གིས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གསུམ་གསུམ་བཞི་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་རབ་དང་རིམ་པའི་ཐད་ནས་དཔྱད་བརྗོད་སྤེལ་ཏེ། དེ་ནི་དེང་རབས་ཕྱི་འབྲེལ་ལོ་རྒྱུས་སྟེང་ཆེས་ལུགས་མེད་ཀྱི་བྱེད་ཐབས་ཤིག་ཡིན་པ་དང་། ནེ་ཐཱ་ནི་ཡཱ་ཧུའུ་འཛམ་གླིང་སྟེང་གྲོགས་མེད་ཁེར་རྐྱང་གི་མི་རུ་འགྱུར་སྲིད་ཟེར། བསྒྲགས་པ་ལྟར་ན། དབྱི་སི་རལ་གྱི་མཐོ་རིམ་དཔོན་པོ་གཉིས་ཀྱིས་བཤད་རྒྱུར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བཀའ་རྒྱ་བཏང་བ་ལྟར། དབྱི་སི་རལ་གྱིས་དབྱིན་ཇི་དང་། ཧྥ་རན་སི། ཨུ་རུ་སི། ཀྲུང་གོ། འཇར་པན། ཝུའུ་ཁི་ལན། ཨན་ཁོ་ལཱ། ཨེ་ཅིབ། ཝུ་ར་ཀུའེ། སི་ཕན། སེ་ནེ་ཀལ། ནེའུ་ཙེ་ལན་བཅས་རྒྱལ་ཁབ་བཅུ་གཉིས་བར་གྱི་ཕྱི་ཕྱོགས་འབྲེལ་བ་གནས་སྐབས་སུ་མཚམས་བཞག་ཡོད་ཟེར། ནེ་ཐཱ་ནི་ཡཱ་ཧུའུ་ཡིས་རྒྱལ་ཁབ་དེ་དག་གི་ཕྱི་འབྲེལ་བློན་ཆེན་ལ་ཐུག་འཕྲད་བྱེད་རྒྱུ་མིན་པ་དང་། རྒྱལ་ཁབ་བཅུ་གཉིས་པོའི་གཞུང་ཚབ་ཆེན་མོ་ལའང་དབྱི་སི་རལ་གྱི་ཕྱི་འབྲེལ་པུའུ་ཡིས་སྣེ་ལེན་བྱེད་མི་སྲིད། དེ་ལས་གཞན་དབྱི་སི་རལ་དབང་འཛིན་ལས་ཁུངས་ཀྱིས་ནེ་ཀིའི་པུའུ་ཀྲང་དག་གོང་གི་རྒྱལ་ཁབ་དེ་དག་ཏུ་འགྲོ་བར་བཀག་འགོག་བྱེད་རྒྱུ་རེད། ཨ་མེ་རི་ཁ་ལས་གཞན་འབྲེལ་ཐག་མ་བཅད་པའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཞན་པ་གཉིས་ནི་དབྱི་སི་རལ་བར་ཕྱི་ཕྱོགས་འབྲེལ་བ་བཙུགས་མེད་པའི་མཱ་ལེ་ཞི་ཡཱ་དང་ཝེ་ནེ་ཙུའེ་ལཱ་རྒྱལ་ཁབ་གཉིས་རེད།

ནེ་ཐཱ་ནི་ཡཱ་ཧུའུ་ཡིས་བྱ་སྤྱོད་དེ་ལས་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གསུམ་གསུམ་བཞི་ལ་ངོ་རྒོལ་དྲག་པོ་བྱས་ཡོད་པར་འདོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།