ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོས་ཙུང་ཐུང་གི་ཉེས་སྐྱོན་ཐེར་འདོན་བྱེད་པའི་དཔྱད་གླེང་ཚོགས་འདུ་ཐོག་མ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2016-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧན་གོའི་རྩ་ཁྲིམས་ཁྲིམས་ཁང་གིས་ཚེས་ཉེར་བདུན་ཉིན་ཙུང་ཐུང་ཕེའོ་ཅིན་ཧོས་ཀྱི་ཉེས་སྐྱོན་ཐེར་འདོན་བྱེད་པའི་ཐད་ནས་ཐེངས་གཉིས་པར་དཔྱད་ཞིབ་བྱས་ཏེ། རྒྱལ་ཚོགས་ཉེས་སྐྱོན་ཐེར་འདོན་ཨུ་ཡོན་ལྷན་ཁང་དང་ཙུང་ཐུང་ཞུ་གཏུག་གི་ཚབ་མིའི་བསམ་འཆར་ལ་ཉན་པར་མ་ཟད། ཟླ་དང་པོའི་ཚེས་གསུམ་ཉིན་ཐོག་མར་ཐག་གཅོད་བྱེད་རྒྱུ་ཡིན་པ་དང་། ཚེས་ལྔ་ཉིན་ཐེངས་གཉིས་པར་ཐག་གཅོད་བྱེད་རྒྱུ་ཐག་བཅད།

བསྒྲགས་པ་ལྟར་ན། ཐེར་འདོན་གྱོད་དོན་གྱི་སྔོན་གྱི་གྲ་སྒྲིག་ལས་རིམ་ལ་ཆེད་དུ་འགན་ཁུར་བའི་ཁྲིམས་དཔོན་ལིས་ཀྲིན་མཱེ་དང་། ལིས་ཀྲིན་ཧྲིན། ཅང་རི་ཡོན་བཅས་ཀྱིས་ཉིན་དེར་ཕྱོགས་གཉིས་ཀྱིས་སྤྲད་པའི་གྲ་སྒྲིག་རྒྱུ་ཆ་གཞིར་བཟུང་ནས་ཕྱོགས་གཉིས་ཀྱི་རྩོད་གཞིའི་གཙོ་གནད་གཏན་འཁེལ་གསལ་བོ་བྱས།

ཧན་གོའི་ཙུང་ཐུང་གི་ཚབ་མིས་རྩ་ཁྲིམས་ཁྲིམས་ཁང་གིས་རིག་གནས་ལུས་རྩལ་ལྟ་ཞིབ་པུའུ་དང་། རྒྱལ་དམངས་རྒན་གསོའི་མ་དངུལ་སྡེ་ཚོགས། རྒྱལ་ཡོངས་ཀྱི་དཔལ་འབྱོར་མི་སྣའི་མཉམ་འབྲེལ་ལྷན་ཚོགས་སོགས་ལས་ཁུངས་བཅུ་དྲུག་ལས་དོན་དངོས་བདེན་དཔང་འཚོལ་སྡུད་བྱས།

ཧན་གོའི་རྒྱལ་ཚོགས་ཐེར་འདོན་ཨུ་ཡོན་ལྷན་ཁང་གིས་དོན་དེར་ངོ་རྒོལ་བྱས་པ་དང་། དེ་ནི་འབྲེལ་ཡོད་ལས་ཁུངས་ལ་གནོན་ཤུགས་བྱིན་ནས་ངོ་བོ་འགྱུར་བའི་དོན་དངོས་ལ་རང་གི་ལྟ་ཚུལ་ཙམ་བརྗོད་དུ་འཇུག་པ་རེད་ཟེར། ཙུང་ཐུང་གི་ཚབ་མིས་དེའི་རྒོལ་ལན་དུ། དོན་དངོས་ལ་དཔྱད་ཞིབ་བྱས་ཏེ་དགོས་མེད་ཀྱི་བདེན་དཔང་ལས་རིམ་ཇེ་ཉུང་དུ་བཏང་སྟེ་ཐེར་འདོན་གྱོད་དོན་གྱི་གྲོས་ཞིབ་ལས་རིམ་ཇེ་མགྱོགས་སུ་བཏང་ཆོག་ཟེར།

རྩ་ཁྲིམས་ཁྲིམས་ཁང་གིས་ཁྲིམས་དཔོན་གྱི་གྲོས་ཚོགས་བསྡུས་ཏེ། ཙུང་ཐུང་གི་རེ་ཞུ་དང་ལེན་བྱེད་མིན་ཐག་གཅོད་བྱེད་རྒྱུ་རེད། རྩ་ཁྲིམས་ཁྲིམས་ཁང་གིས་གཟའ་འཁོར་འདིའི་གཟའ་པ་སངས་ཉིན་ཐེངས་གསུམ་པར་གྲོས་ཞིབ་བྱེད་རྒྱུ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐོག་དང་པོའི་གྲོས་ཞིབ་ལ་སྐར་མ་བཞི་བཅུ་ལས་མ་འགོར་བ་དང་། གཙོ་བོ་རྒྱལ་ཚོགས་དང་ཕེའོ་ཅིན་ཧོས་ཀྱི་ཞུ་གཏུག་ཚབ་མིས་སྤྲད་པའི་བདེན་དཔང་དང་དཔང་མིའི་དཀར་ཆག་སོགས་རྨང་གཞིར་བྱས་ཏེ། ཕྱོགས་གཉིས་ཀྱི་དཔྱད་གླེང་གཙོ་གནད་ལ་ལེགས་སྒྲིག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།