ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལག་བསྟར་བྱས་ནས་ལོ་གཅིག་འགོར་བར་དགའ་བསུ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཚེས་བཅུ་དྲུག་ཉིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱེད་པའི་ཐུན་མོང་གི་ཕྱོགས་ཡོངས་ཀྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ནས་ལོ་ངོ་གཅིག་འགོར་བར་དགའ་བསུ་ཞུས།

ཚེས་བཅུ་དྲུག་ཉིན་ནི་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་ལག་བསྟར་བྱས་ནས་ལོ་ངོ་གཅིག་འགོར་བའི་རྗེས་དྲན་གྱི་ཉིན་མོ་ཡིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཧཱ་ཁི་ཡིས་ཉིན་དེར་རྒྱུན་ལྡན་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མུ་མཐུད་དུ་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་གཉིས་གཉིས་གསུམ་གཅིག་དང་འབྲེལ་ཡོད་ཀྱི་གྲོས་ཆོད་སོ་སོའི་དགོངས་དོན་གཞིར་བཟུང་ནས། ཐུན་མོང་གི་ཕྱོགས་ཡོངས་ཀྱི་འགུལ་སྐྱོད་འཆར་གཞིར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཟེར།

ཧཱ་ཁི་ཡིས་བཤད་རྒྱུར། གྲོས་མཐུན་དེ་ལས་ཕྱི་འབྲེལ་གྱི་རྩོལ་བ་ལ་བརྟེན་ནས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་འཆར་གཞི་དེ་ཞི་བདེའི་དམིགས་ཡུལ་དུ་བཀོལ་བར་ཁག་ཐེག་དང་ས་ཁུལ་གྱི་ཞི་བདེ་དང་བདེ་འཇགས་ཐད་བཏོན་པའི་ནུས་པར་ཡར་སྐུལ་བྱེད་པ་དེ་འབུར་དུ་ཐོན་པར་བྱས་ཡོད་ཟེར། ཁོས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱོགས་སོ་སོས་མུ་མཐུད་དུ་ཐུན་མོང་གི་ཕྱོགས་ཡོངས་ཀྱི་འགུལ་སྐྱོད་འཆར་གཞི་དེ་ལག་བསྟར་གང་ལེགས་བྱེད་པའི་ཆོད་སེམས་བསྐྱར་སྒྲོག་བྱས་པར་དགའ་བསུ་ཞུ་བཞིན་ཡོད་པར་མ་ཟད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་ཕྱོགས་ཡོངས་ཀྱི་གྲོས་མཐུན་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཟླ་འདིའི་ཚེས་བཅུའི་ཉིན་ཝེ་ཡེ་ནཱ་ནས་བསྡུས་པའི་གྲོས་ཚོགས་ལ་དགའ་བསུའི་ཚུལ་བསྟན་པ་དང་། ཞོར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་ཚང་མས་གྲོས་མཐུན་དེའི་ལག་བསྟར་བྱ་བར་རྒྱབ་སྐྱོར་བྱེད་དགོས་པའི་སྐུལ་མ་བཏང་ཡོད་ཟེར།

ཁོས་བཤད་རྒྱུར། ཆེས་གལ་ཆེ་བ་ནི་ཐུན་མོང་གི་ཕྱོགས་ཡོངས་ཀྱི་འགུལ་སྐྱོད་འཆར་གཞི་དེ་ཕྱོགས་སོ་སོར་ཕན་ཐོགས་ཡོད་པ་དང་། དབྱི་ལིང་གི་མི་དམངས་དང་བཅས་པར་དོན་དངོས་ཁེ་ཕན་བསྐྲུན་ཐུབ་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།