ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཅིར་ཅི་སི་སི་ཐན་གྱི་དངོས་སྐྱེལ་གནམ་གྲུ་སར་ལྷུང་བའི་རྟོག་ཞིབ་བྱ་བར་ཞུགས་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས་བཅུ་བདུན་ཉིན་བསྒྲགས་པ་ལྟར་ན། ཐུར་ཁེ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཅིར་ཅི་སི་སི་ཐན་གྱི་དངོས་སྐྱེལ་གནམ་གྲུ་སར་ལྷུང་བའི་རྟོག་ཞིབ་ཨུ་ཡོན་ལྷན་ཁང་གི་བྱ་བར་ཞུགས་རྒྱུ་རེད་ཟེར།

བསྒྲགས་པ་ལྟར་ན། ཐུར་ཁེ་རྒྱལ་ཁབ་ནི་སར་ལྷུང་བའི་གནམ་གྲུའི་བདག་གཉེར་དང་ཐོ་འགོད་རྒྱལ་ཁབ་ཡིན་པ་དང་། ཨ་མེ་རི་ཁ་གསར་སྤེལ་རྒྱལ་ཁབ་སྟེ་གནམ་གྲུ་དང་སྒུལ་འཁོར་གྱི་བཟོ་སྐྲུན་མཁན་ཡིན་པའི་ཆ་ནས་ལག་རྩལ་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཁྲོད་ཞུགས་རྒྱུ་རེད།

ཐུར་ཁེའི་མཁའ་འགྲུལ་ཀུང་ཟིའི་པའོ་ཡུན747-400རྟགས་ཅན་གྱི་དངོས་སྐྱེལ་གནམ་གྲུ་དེ་ཟླ་དང་པོའི་ཚེས་བཅུ་དྲུག་ཉིན་པུས་ཧྲི་ཁའེ་ཁིའི་མཱ་ནཱ་སི་རྒྱལ་སྤྱིའི་གནམ་གྲུའི་སྟེང་གི་རྒྱུག་ལམ་དང་བར་ཐག་སྤྱི་ལེ་གཅིག་དང་གྲངས་ཆུང་ལྔ་ཡོད་པའི་གནས་སུ་སར་ལྷུང་བ་རེད། གནམ་གྲུ་དེ་རྒྱུག་ལམ་ལས་འཕུར་རྗེས་གནམ་གྲུའི་ཐང་གི་ཉེ་འདབས་ཀྱི་སྡོད་ཁུལ་ཞིག་ཏུ་ལྷུང་བ་དང་། མི་སྒེར་ཞུགས་གཞིས་ཀ་སོ་གཉིས་ལ་གཏོར་བརླག་ཐེབས་ཡོད་ལ། ཕྱོགས་སོ་སོའི་རྒྱུ་ཆ་ལྟར་ན། མི་སོ་ལྔ་ནས་སོ་བདུན་རྐྱེན་ལམ་དུ་ཤོར་ཟེར།

ཅིར་ཅི་སི་སི་ཐན་རྒྱལ་ཁབ་བར་གྱི་མཁའ་འགྲུལ་ཨུ་ཡོན་ལྷན་ཁང་གི་དྲ་ཚིགས་སྟེང་འཁོད་པ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་མི་གྲངས་མི་སོ་བདུན་ལ་བསླེབ་ཡོད་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།