ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་ཀྲུང་གོའི་ལུགས་རྙིང་ལོ་སར་ལ་རྟེན་འབྲེལ་ཞུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-01-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་གོའི་ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་སུ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལེ་སི་ཡིས་བརྙན་རིས་ཀྱི་ལམ་ནས་ཀྲུང་གོའི་མི་དམངས་དང་འཛམ་གླིང་ཡོངས་ཀྱི་ཀྲུང་གོ་པར་ལོ་སར་གྱི་རྟེན་འབྲེལ་ཞུས།

ཀུའུ་ཐི་ལེ་སི་ཡིས་བརྙན་རིས་ཁྲོད་ནས་ཐོག་མར་དབྱིན་སྐད་ཀྱིས་ལུགས་རྙིང་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། དེའི་རྗེས་སུ་རྒྱ་སྐད་ཀྱིས་ལོ་སར་ལ་བཀྲ་ཤིས་བདེ་ལེགས་ཞེས་བཤད།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། བྱ་ལོ་ཡིས་ལས་དོན་ཡོད་ཚད་སྔ་མོ་ནས་བསྒྲུབ་དགོས་པ་མཚོན་ལ། སྣང་ཚུལ་གསར་བ་ཞིག་གི་འགོ་བརྩམས་ཡང་མཚོན། བྱ་ལོ་ཡིས་བྱ་བ་སྒྲུབ་སྐབས་ངེས་པར་དུ་གསོན་ཤུགས་ཀྱིས་ཁེངས་དགོས་པ་དང་ཆོད་སེམས་ཡོད་དགོས་པ་བསྟན་ཡོད་ལ། འགན་འཁྲིའི་འདུ་ཤེས་དྲག་པོ་དགོས་པ་ཡང་བསྟན་ཡོད། གནས་ལུགས་དེ་དག་གིས་ང་ཚོ་དཀའ་ངལ་གྱི་འགག་སྒོ་བརྒལ་བར་སྐུལ་མ་གཏོང་བཞིན་ཡོད་ཟེར།

ཀུའུ་ཐི་ལེ་སི་ཡིས་བཤད་རྒྱུར། ངས་ཉིས་སྟོང་བཅུ་བདུན་ལོ་ནི་ཞི་བདེའི་ལོ་ཞིག་ཏུ་འགྱུར་བར་བྱ་རྒྱུའི་འབོད་སྐུལ་བཏང་ཡོད། ང་ཚོས་ངེས་པར་དུ་མཉམ་དུ་འབད་བརྩོན་བྱས་ཏེ་བར་ཆད་སེལ་བ་དང་། མིའི་ཐོབ་ཐང་ལ་གནོད་སྐྱེལ་བའི་བྱ་སྤྱོད་ལ་ཆམ་ཕབ་ཏགོང་བ། དབུལ་ཕོངས་སེལ་བ། ད་དུང་ཉེན་ཚབས་གཞན་པ་ཐག་གཅོད་པ་བཅས་བྱེད་དགོས། གལ་ཆེ་བ་ནི་ངེས་པར་དུ་གནད་དོན་དེ་དག་འབྱུང་བར་སྔོན་འགོག་བྱ་རྒྱུ་དེ་ཡིན་ལ། དེ་ནི་ངས་ཅིའི་ཕྱིར་སྔོན་འགོག་དེ་ལས་འགན་དང་པོར་བརྩི་བའི་རྒྱུ་རྐྱེན་ཡིན་ཟེར།

བརྙན་རིས་ཀྱི་མཇུག་ཏུ། ཀུའུ་ཐི་ལེ་སི་ཡིས་རྒྱ་སྐད་ཀྱིས་ལོ་སར་ལ་བཀྲ་ཤིས་བདེ་ལེགས། བཀའ་དྲིན་ཆེ་ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།