ཀྲུང་གོ་བོད་ཀྱི་དྲ་བ།

འཇར་མན་སྲིད་གཞུང་གིས་ཐོབ་ཐང་འོས་འཚམ་མིན་པའི་ཡུལ་གྱར་བ་མྱུར་མོར་ཕྱིར་ལྡོག་རྒྱུ་ཁྱབ་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་སྲིད་གཞུང་གིས་ཚེས་དགུའི་ཉིན་ཁྱབ་སྒྲོག་བྱས་དོན། རེ་ཞུ་བྱས་ཏེ་ཐོབ་ཐང་འོས་འཚམ་མིན་པའི་ཡུལ་གྱར་མྱུར་མོར་ཕྱིར་ལྡོག་བྱེད་རྒྱུ་ཡིན་ཟེར། གཏན་འཁེལ་གསར་བ་ལྟར་ན། བསམ་བཞིན་དུ་ཐོབ་ཐང་དང་སྔོན་བསགས་པའི་ཉེས་པ་སྦ་གསང་བྱས་པའི་ཡུལ་གྱར་བར་དག་མྱུར་མོར་ཕྱིར་ལྡོག་བྱེད་རྒྱུ་རེད།

འཇར་པན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཉིན་དེར་རྒྱལ་ཡོངས་ཀྱི་རྒྱལ་ཕྲན་མཉམ་འབྲེལ་ཀྲིག་སྲིད་གཞུང་གི་མགོ་ཁྲིད་པ་བཅུ་དྲུག་དང་མཉམ་དུ་ཕྱིར་ལྡོག་འཆར་གཞིར་གྲོས་མོལ་བྱས་ཏེ་གྲོས་འཆམ་བྱུང་། ཁོ་མོས་བསྟན་དོན། ང་ཚོས་དེ་རིང་གྲོས་བསྡུར་བྱེད་པ་ནི་དགོས་ངེས་ཀྱི་ཆ་རྐྱེན་ལ་ཁག་ཐེག་བྱས་ཏེ། ང་ཚོའི་རྒྱལ་ཁབ་ཀྱིས་མུ་མཐུད་དུ་སྐྱབས་འཚོལ་བའི་མི་ལ་དགའ་བསུ་བྱེད་ཐུབ་པར་བྱ་དགོས། ཐོབ་ཐང་འོས་འཚམ་མིན་པའི་རེ་ཞུ་མཁན་མྱུར་མོར་ཕྱིར་ལྡོག་ན་འཇར་མན་གྱིས་བྲེལ་མྱུར་གནས་ཚུལ་ལ་འཕྲད་ཡོད་པའི་མི་རྣམས་དང་ལེན་བྱེད་ཐུབ་ཟེར།

ཕྱིར་ལྡོག་འཆར་གཞིའི་བྱེད་ཐབས་ཤིག་ནི་ཕྱིར་ལྡོག་ལྟེ་གནས་བཙུགས་ཏེ། རྒྱལ་ཕྲན་མཉམ་འབྲེལ་དང་ཀྲིག་སྲིད་གཞུང་གི་འགུལ་སྐྱོད་མཐུན་སྦྱོར་བྱེད་པ་དེ་ཡིན། རང་འཐད་ཀྱིས་རང་གི་རྒྱལ་ཁབ་གི་ལོག་པའི་ཡུལ་གྱར་བར་བྱ་དགའི་མ་དངུལ་ཐོབ་ཐུབ། ཕྱིར་ལྡོག་དང་ལེན་མི་བྱེད་པའི་ཡུལ་གྱར་བ་དང་བསམ་བཞིན་དུ་འགོར་འགྱངས་བྱེད་པའི་ཡུལ་གྱར་བ་ཡོང་སའི་རྒྱལ་ཁབ་ལ་འཇར་པན་གྱིས་གནོན་ཤུགས་ཇེ་ཆེར་གཏོང་རྒྱུ་རེད།

ན་ནིང་འཇར་མན་དུ་སྐྱབས་འཚོལ་དུ་ཡོང་བའི་ཡུལ་གྱར་བའི་ཁྲོད་མི་འབུམ་གཉིས་ལ་ཡུལ་གྱར་བའི་ཐོབ་ཐང་དངོས་སུ་ཐོབ་མེད་པ་དང་། འཇར་མན་གྱིས་དེའི་ཁྲོད་ཀྱི་མི་ཁྲི་བརྒྱད་ཕྱིར་ལྡོག་པའམ་མཐར་སྐྲོད་བཏང་བ་རེད།

ན་ནིང་ཟླ་བཅུ་གཉིས་པའི་ཚེས་བཅུ་དགུ་ཉིན་གྱི་དགོང་མོར། པའོ་ལིན་གྱི་ཚོང་ར་ཞིག་ནས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། མི་བཅུ་གཉིས་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བཅུ་ལྷག་ལ་རྨས་ཕོག འཇར་མན་ཉེན་རྟོག་ཕྱོགས་ཀྱིས་ལག་དམར་ནི་འཇར་མན་དུ་སྐྱབས་འཚོལ་དུ་ཡོང་བའི་ཐུ་ནི་ཞི་ཡཱའི་སྐྱེས་པ་ཨ་མུའུ་ལི་ཡིན་པར་ངོས་འཛིན་བྱས་ཡོད།

འཇར་རྒོལ་དོན་རྐྱེན་བྱུང་རྗེས། འཇར་མན་སྲིད་གཞུང་གིས་ལྟ་རྟོག་ལ་ཤུགས་བསྣན་ནས་འཇིགས་སྐུལ་འཇབ་རྒོལ་ལ་དོགས་ཟོན་བྱས། འཇར་མན་ནང་སྲིད་པུའུ་ཀྲང་དང་ཁྲིམས་འཛིན་པུའུ་ཀྲང་གིས་ཟླ་དང་པོའི་ཚེས་བཅུ་ཉིན་སྐྱབས་འཚོལ་ཡུལ་གྱར་བའི་དོ་དམ་ལ་ཤུགས་སྣོན་པའི་བཅའ་ཁྲིམས་འཆར་ཟིན་ཁྱབ་སྒྲོག་བྱས་པ་དང་། ཉེན་ཁ་ཡོད་པར་བསམ་པའི་ཡུལ་གྱར་བར་གློག་རྡུལ་རྐང་གདུབ་འདོག་ཏུ་འཇུག་པ་སོགས་ཀྱི་བྱེད་ཐབས་འདུས་ཡོད།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།