ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ཁྱིག་ཨར་ཅིན་སྐུ་གཤེགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

俄罗斯常驻联合国代表丘尔金 资料图。.jpg

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ཁྱིག་ཨར་ཅིན་གྱི་རྒྱུ་ཆའི་པར་རིས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ཁྱིག་ཨར་ཅིན་ཚེས་ཉི་ཤུའི་ཉིན་ཉིག་ཡོ་ནས་སྐུ་གཤེགས། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་དོན་གཅིག་པས་ཉིན་དེར་ཚང་འཛོམས་གྲོས་ཚོགས་མ་བསྡུས་གོང་ཆེད་དུ་ཁོ་ལ་སྐར་མ་གཅིག་རིང་མྱ་ངན་ཞུས།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་ཚབ་ཚོགས་པས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། ཁྱིག་ཨར་ཅིན་ནི་གཞུང་སྒྲུབ་ཁང་དུ་བྱ་བ་སྒྲུབ་སྐབས་སྐུ་གཤེགས་པ་རེད། བྱུང་ཡིན་ན་ཁོས་ཚེས་ཉེར་གཅིག་ཉིན་རང་ཉིད་ཀྱི་ལོ་རེ་ལྔའི་སྐྱེས་སྐར་ལ་རྟེན་འབྲེལ་ཞུ་རྩིས་ཡོད་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་རེ་དོན་གཅིག་པས་ཚེས་ཉི་ཤུའི་ཉིན་ཉིག་ཡོ་གྲོང་ཁྱེར་དུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་ཚང་འཛོམས་གྲོས་ཚོགས་བསྡུས་ཏེ། མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་དར་རྒྱས་སུ་གཏོང་བའི་བྱ་བའི་ཚན་ཆུང་ཆེད་དུ་འཛུགས་པའི་སྙན་ཞུར་ཉན། བྱ་བའི་ཚན་ཆུང་དེའི་ཐུན་མོང་ཀྲུའུ་ཞི། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་འཐུས་མི་ནོའུ་སེ་པེ་ཡིས་གྲོས་ཚོགས་ལ་ཞུགས་པའི་རྒྱལ་ཁབ་སོ་སོའི་འཐུས་མིར་ཁྱིག་ཨར་ཅིན་སྐུ་གཤེགས་པའི་གནས་ཚུལ་བསྒྲགས་པ་དང་། ཨུ་རུ་སིའི་སྲིད་གཞུང་དང་ཨུ་རུ་སིའི་འཐུས་ཚབ་ཚོགས་པ། ཁྱིག་ཨར་ཅིན་གྱི་ཆུང་མ་དང་བྱིས་པ་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་བྱས། ནོའུ་སེ་པེ་ཡིས་བཤད་རྒྱུར། ཁྱིག་ཨར་ཅིན་ནི་ང་ཚོའི་ལས་གྲོགས་ཡིན་པ་དང་། མེས་རྒྱལ་གྱི་ཆེད་དུ་རང་ནུས་ཅི་ལྕོགས་བྱེད་པའི་ཕྱི་འབྲེལ་དཔོན་པོ་ཞིག་ཡིན་པར་མ་ཟད། ང་ཚོས་ངོ་ཤེས་པའི་ཆེས་ཕུལ་དུ་བྱུང་བའི་མི་སྣ་ཞིག་ཀྱང་ཡིན་ཟེར།

མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་སྐབས་དོན་གཅིག་པའི་ཀྲུའུ་ཞི་ཐང་མུའུ་སིན་གྱིས་བསྟན་དོན། ཁྱིག་ཨར་ཅིན་སྐུ་གཤེགས་པར་སྐྱོ་བ་ཚད་མེད་སྐྱེས་ཡོད། ཨུ་རུ་སི་དང་མཉམ་འབྲེལ་རྒྱལ་ཚོགས་ལ་རླབས་ཆེ་བའི་རྒྱལ་སྤྱིའི་ཕུལ་བྱུང་མི་སྣ་ཞིག་ཇེ་ཉུང་དུ་སོང་བ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།