ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་གྱིས་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ཁྱིག་ཨར་ཅིན་ལ་རྟུལ་ཕོད་ཀྱི་བྱས་རྗེས་གཟེངས་རྟགས་བྱིན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཁི་ལི་མུའུ་ལིན་ཕོ་བྲང་གིས་ཚེས་ཉེར་གཅིག་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་སྐུ་གཤེགས་པའི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ཁྱིག་ཨར་ཅིན་ལ་རྟུལ་ཕོད་ཀྱི་བྱས་རྗེས་གཟེངས་རྟགས་བྱིན་ཟེར།

ཕུའུ་ཅིན་གྱིས་བཀའ་རྒྱ་སྒྲོག་སྐབས་བཤད་རྒྱུར། ཨ་མེ་རི་ཁའི་ཉིག་ཡོ་གྲོང་ཁྱེར་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སུའི་འཐུས་མིའི་ལས་གནས་སྟེང་རང་ཉིད་བློས་གཏོང་བའི་ལས་བཀུར་སྙིང་སྟོབས་མངོན་པར་བྱས་པས། ཁྱིག་ཨར་ཅིན་ལ་རྟུལ་ཕོད་བྱས་རྗེས་གཟེངས་རྟགས་བྱིན་པ་ཡིན་ཟེར།

ཚེས་ཉི་ཤུའི་ཉིན་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཨུ་རུ་སིའི་འཐུས་མི་ཁྱིག་ཨར་ཅིན་ཉིག་ཡོ་གྲོང་ཁྱེར་ནས་སྐུ་གཤེགས། བསྒྲགས་པའི་གནས་ཚུལ་ལྟར་ན། ཁོ་ནི་སྙིང་ནད་བྱུང་སྟེ་སྐུ་གཤེགས་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།