ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡིས་སྒྲིག་སྲོལ་གསར་བ་བཏོན་ནས་མཐའ་མཚམས་ཀྱི་དོ་དམ་ལ་ཤུགས་སྣོན་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལ་བཀག་འགོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡིས་ཚེས་ཉེར་གཅིག་ཉིན་བཟོད་སྒོམ་བརྗེད་ཐོ་གཉིས་སྤེལ་ཏེ། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་དེའི་སྔོན་བཀོད་པའི་མཐའ་མཚམས་ཀྱི་དོ་དམ་ལྟ་རྟོག་ལ་ཤུགས་སྣོན་པ་དང་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལ་བཀག་འགོག་བྱེད་པའི་སྲིད་འཛིན་བཀའ་རྒྱ་དངོས་འབེབ་བྱས།

ཡིག་ཆ་དེ་གཉིས་ནི་སོ་སོར་ཙུང་ཐུང་གི་མཐའ་མཚམས་བདེ་འཇགས་དང་གནས་སྤོར་སྡོད་དམངས་ཀྱི་ཁྲིམས་འཛིན་ལ་ཤུགས་སྣོན་པའི་སྲིད་ཇུས་དང་གནས་སྤོར་སྡོད་དམངས་ཀྱི་བཅའ་ཁྲིམས་ལག་བསྟར་བྱས་ཏེ་རྒྱལ་ཁབ་ཀྱི་ཁེ་ཕན་ལ་ཞབས་འདེགས་ཞུ་ཞེས་པ་དེ་ཡིན། རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་ཁའེ་ལེ་ཡིས་ཚེས་ཉི་ཤུའི་ཉིན་མིང་བཀོད་དེ་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་ཁྲིམས་འཛིན་སྡེ་ཁག་གཙོ་བོ་དག་གི་འགན་ཁུར་བར་སྤྲད་པ་རེད།

ཙུང་ཐུང་གི་མཐའ་མཚམས་བདེ་འཇགས་དང་གནས་སྤོར་སྡོད་དམངས་ཀྱི་ཁྲིམས་འཛིན་ལ་ཤུགས་སྣོན་པའི་སྲིད་ཇུས་ལྟར་ན། བཟོད་སྒོམ་བརྗེད་ཐོ་དེ་གཉིས་བཏོན་པའི་དམིགས་ཡུལ་ནི་ཁྲིམས་འགལ་གནས་སྤོར་སྡོད་དམངས་ལ་བཀག་འགོག་བྱེད་པ་དང་ལུགས་མཐུན་གྱི་རྒྱུ་མཚན་མེད་པར་ཨ་མེ་རི་ཁར་ཡོང་བའི་ཕྱི་རྒྱལ་གྱི་མི་ལ་གསལ་འབྱེད་དང་འཛིན་བཟུང་། བཀག་འཇུག མཐར་སྐྲོད་བཅས་གཏོང་བར་སྟབས་བདེ་བཟོ་བའི་ཆེད་དུ་རེད། ཡིག་ཆ་དེ་གཉིས་ནི་རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་མི་སྣ་ཚང་མའི་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པ་དང་། འབྲེལ་ཡོད་སྲིད་ཇུས་དང་ཡིག་ཆའི་ཚབ་བྱེད་རྒྱུ་རེད།

ཙུང་ཐུང་གི་མཐའ་མཚམས་བདེ་འཇགས་དང་གནས་སྤོར་སྡོད་དམངས་ཀྱི་ཁྲིམས་འཛིན་ལ་ཤུགས་སྣོན་པའི་སྲིད་ཇུས་ཀྱི་བྱེ་བྲག་གི་བྱེད་ཐབས་ལ། སྒོ་ཁྲལ་དང་མཐའ་མཚམས་བདེ་སྲུང་ཅུའུ་ཡི་ཁྲིམས་འཛིན་མི་སྣའི་ཁ་གྲངས་ཇེ་མང་དུ་གཏོང་བ་དང་། རྒྱལ་ཁབ་མངའ་ཁོངས་བདེ་འཇགས་པུའུ་ཡི་པུའུ་ཀྲང་གིས་ཁྲིམས་འཛིན་འགུལ་སྐྱོད་ཀྱི་བཀོད་འདོམ་དབང་ཆར་ཤུགས་སྣོན་བྱེད་པ། ཨ་མེ་རི་ཁ་དང་མའོ་སི་ཁིའི་མཐའ་མཚམས་ཀྱི་བར་གྱང་སོགས་འདུས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།