ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་རུ་སྡོད་པའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་དོན་གཅོད་ཁང་དུ་བསྐུར་དངོས་འགས་གཏོར་བྱུང་བའི་དོན་རྐྱེན་བྱུང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧྥ་རན་སིའི་གསར་འགྱུར་ལས་རིགས་ཀྱིས་བསྒྲགས་པ་ལྟར་ན། ཧྥ་རན་སི་རུ་ཡོད་པའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་དོན་གཅོད་ཁང་དུ་ཚེས་བཅུ་དྲུག་ཉིན་གྱི་སྔ་དྲོར་བསྐུར་དངོས་འགས་གཏོར་བྱུང་བའི་དོན་རྐྱེན་བྱུང་སྟེ། མིག་སྔར་མི་གཅིག་ལ་རྨས་ཕོག་ཡོད་ཟེར།

ཕཱ་རེ་སིའི་ཉེན་རྟོག་ཅུའུ་ཡི་ཅུའུ་ཀྲང་ཁཱ་ཏའོ་ཡིས་ཡུལ་དངོས་ནས་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ཧྥ་རན་སི་རུ་སྡོད་པའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་དོན་གཅོད་ཁང་གི་ལས་བྱེད་མི་སྣ་ཞིག་གིས་ཉིན་དེའི་སྔ་དྲོར་བསྐུར་དངོས་ཤིག་གི་ཁ་འབྱེད་སྐབས་འགས་གཏོར་བྱུང་སྟེ། ཁོའི་ངོ་དང་ལག་པར་རྨས་ཕོག་ཡོད་ཀྱང་ཚེ་སྲོག་གི་ཉེན་ཁ་མེད་ཟེར།

ཁཱ་ཏའོ་ཡིས་བཤད་རྒྱུར། འགས་གཏོར་གྱི་སྒྲ་ཅུང་ཆེ་ན་ཡང་ཁང་བ་སོགས་ལ་གཏོར་བརླག་ཐེབས་མེད། ཉེན་རྟོག་ཕྱོགས་ཀྱིས་མིག་སྔར་དོན་དེར་རྟོག་ཞིབ་བྱེད་བཞིན་ཡོད། མིག་སྔའི་བར་ཉེན་རྟོག་ཕྱོགས་དོན་རྐྱེན་དེའི་ངོ་བོའི་ཐད་ནས་རྣམ་འགྱུར་ཅི་ཡང་བསྟན་དོན།

དོན་རྐྱེན་བྱུང་རྗེས་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་ཙུང་ཚེ་ལཱ་ཅཱ་ཏི་ཡིས་གསལ་སྒྲོག་སྤེལ་ཏེ། བརྡར་མའི་བྱ་སྤྱོད་དེར་རྒོལ་གཏམ་བཏང་བར་མ་ཟད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པས་མུ་མཐུད་དུ་རང་གི་འགན་འཁྲི་ལག་བསྟར་བྱེད་པའི་ཆོད་སེམས་ཡོད་པ་ནན་བཤད་བྱས། 
བསྒྲགས་པ་ལྟར་ན། ས་དེའི་ཉེན་རྟོག་ཕྱོགས་ཀྱིས་ཐོག་ཁང་དེ་བཀག་སྡོམ་བྱས་པ་དང་། ཧྥ་རན་སི་རུ་སྡོད་པའི་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་ཚོགས་པའི་དོན་གཅོད་ཁང་གི་ལས་བྱེད་མི་སྣ་དག་གནས་སྐབས་སུ་ཕྱིར་འཐེན་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།