ཀྲུང་གོ་བོད་ཀྱི་དྲ་བ།

སོ་ཏི་ཨ་རབ་ཀྱིས་དབྱི་ལིང་ད་ལོའི་མཇལ་ཕྱག་ལ་ཞུགས་པར་དགོས་ངེས་ཀྱི་བཀོད་སྒྲིག་བྱེད་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སོ་ཏི་ཨ་རབ་ཀྱི་མཇལ་ཕྱག་ལས་དོན་པུའུ་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་དབྱི་ལིང་ད་ལོའི་སོ་ཏི་ཨ་རབ་ཀྱི་མེད་ཅཱའི་མཇལ་ཕྱག་ལ་ཞུགས་པར་དགོས་ངེས་ཀྱི་བཀོད་སྒྲིག་བྱེད་དགོས་ཟེར།

སོ་ཏི་ཨ་རབ་ཀྱི་མཇལ་ཕྱག་ལས་དོན་པུའུ་ཡི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། སོ་ཏི་ཨ་རབ་ཀྱི་མཇལ་ཕྱག་ལས་དོན་གྱི་བློན་ཆེན་མུའུ་ཧན་མའོ་ཏི་ཡིས་ཉེ་སྔོན་སོ་ཏི་ཨ་རབ་ཀྱི་ཅི་ཏཱ་ནས་གདན་ཞུས་ལྟར་ཡོང་བའི་དབྱི་ལིང་གི་མཇལ་ཕྱག་རྩ་འཛུགས་ཀྱི་ཀྲུའུ་ཞི་ཧཱ་མུས་ཏི་དང་མཉམ་དུ་དབྱི་ལིང་གི་མཇལ་ཕྱག་མཁན་ད་ལོའི་མཇལ་ཕྱག་ལ་ཞུགས་པའི་འབྲེལ་ཡོད་གནད་དོན་ལ་གྲོས་མོལ་བྱས་པ་ཡིན་ཟེར། གསལ་སྒྲོག་ལས་བཤད་རྒྱུར། མིག་སྔར་ཕྱོགས་གཉིས་ཀྱིས་དབྱི་ལིང་གི་མཇལ་ཕྱག་མཁན་ད་ལོའི་མཇལ་ཕྱག་ལ་ཞུགས་པར་དགོས་ངེས་ཀྱི་བཀོད་སྒྲིག་བྱེད་བཞིན་ཡོད་ཟེར།

གསལ་སྒྲོག་ལས་ད་རུང་བཤད་རྒྱུར། སོ་ཏི་ཨ་རབ་ཀྱིས་དབྱི་ལིང་དང་བཅས་པའི་འཛམ་གླིང་ཡོངས་ཀྱི་རྒྱལ་ཁང་ཚང་མའི་མུའུ་སི་ལིན་དག་མེད་ཅཱ་རུ་མཇལ་ཕྱག་ལ་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་པ་དང་། སོ་ཏི་ཨ་རབ་སྲིད་གཞུང་གིས་ནུས་ཤུགས་གང་ཡོད་ཀྱིས་ཁོ་ཚོར་བདེ་འཇགས་དང་སྤྲོ་སྐྱིད་ཀྱི་ཆ་རྐྱེན་འདོན་སྤྲོད་བྱེད་རྒྱུ་ཡིན་ཟེར།

བསྒྲགས་པ་ལྟར་ན། ཚོད་དཔག་བྱས་ན་དབྱི་ལིང་གི་མུའུ་སི་ལིན་ཁྲི་བརྒྱད་སོ་ཏི་ཨ་རབ་ཏུ་མཇལ་ཕྱག་ལ་འགྲོ་རྒྱུ་རེད་ཟེར།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།