ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོའི་ཙུང་ཐུང་འདེམ་བསྐོའི་བྱ་འགུལ་ལ་ཞུགས་རྒྱུ་ཡིན་པའི་འདེམ་སྒུག་མི་སྣས་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་གི་བཀོད་སྒྲིག་རྩིས་མེད་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་མཁར་ལྷོ་གྲོང་ཁྱེར་གྱི་ཧྲི་ཀྲང་ལིས་ཙེ་མེན་གྱིས་ཚེས་བཅུ་བདུན་ཉིན་ཧན་གོའི་ཆེས་ཆེ་བའི་སྲིད་དབང་བཟུང་མེད་པའི་ཏང་ཐུན་མོང་དམངས་གཙོ་ཏང་ནང་ཁུལ་གྱི་ཙུང་ཐུང་གི་འདེམ་སྒུག་མི་སྣའི་བརྙན་འཕྲིན་དཔྱད་གླེང་ཚོགས་འདུའི་སྟེང་། ཧན་གོར་བཀོད་སྒྲིག་བྱེད་པའི་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་རྩིས་མེད་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཐུན་མོང་དམངས་གཙོ་ཏང་གི་ཙུང་ཐུང་གི་འདེམ་སྒུག་མི་སྣ་སྔོན་ཆད་ཀྱི་ཏང་གཙོ་ཝུན་ཙེ་ཡན་དང་། ཀྲུང་ཆིན་ལྷོ་ལམ་མགོ་བ་ཨན་ཞེ་ཀྲིན། ལིས་ཙེ་མེན། ཀའོ་དབྱང་གྲོང་ཁྱེར་གྱི་ཧྲི་ཀྲང་ཚོས་ཞིན་བཅས་ཉིན་དེར་བརྙན་འཕྲིན་ཁང་མང་བོས་སྤེལ་བའི་མཉམ་འབྲེལ་གྱི་བརྙན་འཕྲིན་དཔྱད་གླེང་ཚོགས་འདུར་ཞུགས།

ལིས་ཙེ་མེན་གྱིས་དཔྱད་གླེང་ཚོགས་འདུའི་སྐབས་སུ་བསྟན་དོན། ཧན་གོ་དང་ཨ་མེ་རི་ཁ་རྒྱལ་ཁབ་གཉིས་ཀྱིས་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱེད་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར། ཁོས་བལྟས་ན། སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་བཀོད་སྒྲིག་བྱས་ན་འཐབ་འཁྲུག་གི་ཉེན་ཁ་ཇེ་ཆེར་འགྲོ་སྲིད་པ་དང་། ཧན་གོ་རྒྱལ་ཁབ་འཇབ་རྒོལ་བྱེད་སའི་དམིགས་འབེན་དུ་གྱུར་ནས། ཧན་གོ་རྒྱལ་ཁབ་བདེ་སྲུང་ཉམས་ཉེན་ལ་འཕྲད་སྲིད་པར་འདོད། ཁོས་བསྟན་དོན། ཧན་གོ་རྒྱལ་ཁབ་ཀྱིས་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་གི་བཀོད་སྒྲིག་རྩིས་མེད་དུ་བཏང་སྟེ། ཧན་གོ་དང་ཀྲུང་གོའི་འབྲེལ་བ་དང་ཁྱད་པར་དུ་དཔལ་འབྱོར་འབྲེལ་བར་ཤུགས་རྐྱེན་ཐེབས་པར་སྔོན་འགོག་བྱེད་དགོས་ཟེར།

ཝུན་ཙེ་ཡན་གྱིས་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་གི་བཀོད་སྒྲིག་གནད་དོན་དེ་ཙུང་ཐུང་འདེམ་བསྐོའི་རྗེས་སུ་སྲིད་གཞུང་གསར་བ་སྤྲད་དེ་ཡང་བསྐྱར་གྲོས་བསྡུར་བྱེད་དུ་འཇུག་དགོས་པ་དང་། དེའི་བཀོད་སྒྲིག་འཆར་གཞི་དེ་རྒྱལ་ཚོགས་ལ་སྤྲད་ནས་ལུགས་མཐུན་གྱིས་གྲོས་བསྡུར་དང་ཐག་གཅོད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་བཏང་། ཨན་ཞེ་ཀྲིན་གྱིས་ཀྱང་ད་ལྟའི་སྲིད་གཞུང་གིས་སཱ་ཏི་ཞེས་པའི་འཕུར་མདའི་འགོག་སྲུང་མ་ལག་གི་བཀོད་སྒྲིག་ལ་ཤུགས་སྣོན་བྱེད་པའི་བྱེད་ཐབས་ལ་ངོ་རྒོལ་བྱེད་པའི་ཚུལ་བསྟན། ཁོས་བལྟས་ན་ཧན་གོ་དང་ཨ་མེ་རི་ཁའི་བར་གྱི་གྲོས་མཐུན་ལ་བརྩི་འཇོག་བྱེད་དགོས་ཀྱང་། དེའི་ཞོར་དུ་ཨ་མེ་རི་ཁ་དང་ཀྲུང་གོའི་བར་གྱི་འབྲེལ་བ་བཟང་བོར་སྲུང་སྐྱོབ་བྱེད་དགོས་པར་འདོད།

དཔྱད་གླེང་ཚོགས་འདུའི་སྟེང་ཙུང་ཐུང་གི་འདེམ་སྒུག་མི་སྣ་བཞི་ཡིས་རང་རང་གི་དཔལ་འབྱོར་སྲིད་ཇུས་རྒྱས་བཤད་བྱས།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།