ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པས་དབྱི་སི་རལ་ལ་སྐྱོན་འཛུགས་བྱེད་པའི་སྙན་ཞུ་རྩིས་མེད་དུ་མ་བཏང་བའི་དབང་གིས་ལས་ཁུར་དགོངས་ཞུ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

5cc8502b614221d1c5cfd14529934f0e.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཟླ་གསུམ་པའི་ཚེས་བཅུ་བདུན་ཉིན། ལེ་པཱ་ནུན་གྱི་རྒྱལ་ས་པེ་རུ་ཐི་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་ནུབ་མའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ལི་མཱ་ཧཱ་ལཱ་ཧྥུའུ་ཡིས་ལས་ཁུར་དགོངས་ཞུ་བྱེད་པའི་ཐད་ནས་བསྡུས་པའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་གཏམ་བཤད་སྤེལ་བཞིན་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨེ་ཤ་ཡཱ་ནུབ་མའི་དཔལ་འབྱོར་སྤྱི་ཚོགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག་ལི་མཱ་ཧཱ་ལཱ་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་ལས་ཁུར་དགོངས་ཞུ་བྱེད་རྒྱུ་ཁྱབ་སྒྲོག་བྱས། རྒྱུ་མཚན་ནི་ཁོ་མོས་དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་ལ་རིགས་རྒྱུད་ཁ་བྲལ་བྱ་སྤྱོད་ལག་བསྟར་བྱས་པར་སྐྱོན་འཛུགས་བྱེད་པའི་སྙན་ཞུ་ཞིག་རྩིས་མེད་དུ་གཏོང་མ་འདོད་པས་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།