བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལས་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅུ་བདུན་ཉིན་འདེམ་ཤོག་བཅོ་ལྔ་ཡིད་འཐད་བྱུང་སྟེ། ཨ་ཧྥུའུ་ཧན་གནད་དོན་གྱི་གྲོས་ཆོད་གཉིས་གསུམ་བཞི་བཞི་ལ་གཅིག་གྱུར་གྲོས་འཆམ་བྱུང་སྟེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུའུ་ཧན་ལ་རོགས་སྐྱོར་བྱེད་དགོས་པའི་འབོད་སྐུལ་བཏང་། བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་སོགས་ལ་བརྟེན་ནས་ས་ཁོངས་ཀྱི་དཔལ་འབྱོར་མཉམ་ལས་ལ་ཤུགས་སྣོན་བྱེད་པ་དང་། ཕྱོགས་སོ་སོས་བརྒྱུད་གཅིག་ལམ་གཅིག་གི་འཛུགས་སྐྲུན་ཐད་བདེ་འཇགས་འགན་སྲུང་གི་ཁོར་ཡུག་འདོན་སྤྲོད་བྱེད་པ་དང་འཕེལ་རྒྱས་ཀྱི་སྲིད་ཇུས་དང་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་སྣོན་བྱེད་པ། ཕན་ཚུན་འབྲེལ་འདྲིས་བྱས་ཏེ་དངོས་གཉེར་མཉམ་ལས་ལ་ཡར་སྐུལ་གཏོང་དགོས་པའི་སྐུལ་མ་བཏང་། གྲོས་ཆོད་ལས་ནན་གྱིས་བསྟན་དོན། མཉམ་ལས་གཉིས་ཕན་གྱི་སྙིང་སྟོབས་ལ་དམིགས་ཏེ་ས་ཁུལ་གྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས་པ་དང་། ཕན་ནུས་ལྡན་པའི་སྒོ་ནས་ཨ་ཧྥུའུ་ཧན་གྱི་ས་ཁུལ་བདེ་འཇགས་དང་གཏན་འཇགས། འཕེལ་རྒྱས་བཅས་ལ་ཡར་སྐུལ་བཏང་སྟེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་དགོས་ཟེར།lSbཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་དུ་སྡོད་པའི་ཀྲུང་གོའི་འཐུས་མི་ལིག་ཅེ་དབྱེ་ཡིས་བསྟན་དོན། ད་ལོའི་ཟླ་དང་པོར་ཀྲུང་གོའི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རི་ནེ་ཝ་རུ་ཡོད་པའི་སྤྱི་ཁྱབ་པུའུ་ནས་གཏམ་བཤད་གལ་ཆེན་སྤེལ་ཏེ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པའི་བསམ་ཚུལ་རྒྱས་བཤད་བྱས་པ་དང་། འཛམ་གླིང་གི་འཕེལ་རྒྱས་དང་མིའི་རིགས་ཀྱི་དཔལ་འབྱོར་གོང་འཕེལ་ལ་ཡར་སྐུལ་གཏོང་བའི་ཐད་ཀྲུང་གོའི་ཇུས་གཞི་བཏོན། ཐེངས་འདིའི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལས་ཐོག་དང་པོར་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པའི་བསམ་ཚུལ་བསྟན་པ་དང་། དེ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་ལྟ་ཚུལ་མཚོན་ཡོད་ལ། ཀྲུང་གོའི་འདུ་ཤེས་དང་ཀྲུང་གོའི་ཇུས་གཞིས་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་ཐད་བྱས་རྗེས་གལ་ཆེན་བཞག་པ་མཚོན་ཡོད་ཟེར།lSbཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ།

དཔྱད་མཆན 0 ཡོད།