ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱིས་རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་ལོར་མཉམ་ལས་ལ་ཤུགས་སྣོན་བྱེད་རྒྱུ་བསྐྱར་སྒྲོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2017-03-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་འཇར་མན་གྱི་པཱ་ཏིན་པཱ་ཏིན་ནས་མཇུག་སྒྲིལ། གྲོས་ཚོགས་ནས་རྒྱལ་སྤྱིའི་དཔལ་འབྱོར་དང་དངུལ་ལོར་མཉམ་ལས་ལ་ཤུགས་སྣོན་བྱས་ཤིང་། དངུལ་ལོར་སྲིད་ཇུས་དང་ནོར་སྲིད་སྲིད་ཇུས། གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་བཅས་འདུས་པའི་སྲིད་ཇུས་ཡོད་ཚད་བེད་སྤྱོད་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། སྟོབས་དང་ལྡན་ཞིང་རྒྱུན་མཐུད། དོ་མཉམ། བཟོད་སྒོམ་རང་བཞིན་བཅས་ལྡན་པའི་དམིགས་འབེན་མངོན་འགྱུར་བྱས་ནས་དཔལ་འབྱོར་དང་དངུལ་ལོར་གྱི་ལྡེམ་ཤུགས་ཇེ་དྲག་ཏུ་གཏོང་དགོས་པ་བསྐྱར་སྒྲོག་བྱས།

ཐེངས་འདིའི་གྲོས་ཚོགས་ནི་འཇར་མན་གྱིས་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་རྗེས་སྤེལ་བའི་ནོར་སྲིད་བློན་ཆེན་དང་ཀྲུང་དབྱང་དངུལ་ཁང་གི་མགོ་བའི་གྲོས་ཚོགས་ཐོག་མ་རེད། ཕྱོགས་སོ་སོས་འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་གནས་བབ་ལ་དམིགས་ཏེ། སྟོབས་དང་ལྡན་ཞིང་རྒྱུན་མཐུད། དོ་མཉམ། བཟོད་སྒོམ་རང་བཞིན་བཅས་ལྡན་པའི་འཕར་སྣོན་སྒྲོམ་གཞི་དང་། ཨ་ཧྥེ་རི་ཁ་གླིང་གི་དངུལ་གཏོང་ལ་ཡར་སྐུལ་གཏོང་བ། རྒྱལ་སྤྱིའི་དངུལ་ལོར་གྲུབ་ཚུལ། རྒྱལ་སྤྱིའི་ཁྲལ་བསྡུ། དངུལ་ལོར་སྡེ་ཁག་གི་འཕེལ་རྒྱས་དང་ལྟ་རྟོག་དོ་དམ། དེ་མིན་འཛམ་གླིང་ཡོངས་ཀྱི་བཅོས་སྐྱོང་གྲོས་གཞི་བཅས་ཀྱི་ཐད་ནས་གྲོས་བསྡུར་གཏིང་ཟབ་བྱས།

གྲོས་ཚོགས་ནས་བལྟས་ན། འཛམ་གླིང་ཡོངས་ཀྱི་དཔལ་འབྱོར་མུ་མཐུད་དུ་སླར་གསོ་འབྱུང་བཞིན་ཡོད་ཀྱང་། སྔར་བཞིན་དེ་འདྲ་བཟང་རྒྱུ་མེད་ལ། ཉམས་རྒུད་དུ་འགྲོ་བའི་ཉེན་ཁ་སྔར་བཞིན་གནས་ཡོད་པར་འདོད།

གྲོས་ཚོགས་ནས་ན་ནིང་རྒྱལ་ཁབ་ཉི་ཤུའི་སྡེ་ཚོགས་ཀྱི་ཧང་ཀྲིག་མཐོ་རིམ་གྲོས་ཚོགས་ཀྱི་སྲིད་ཇུས་དང་དམ་བཅའ་རབ་དང་རིམ་པ་བསྐྱར་སྒྲོག་བྱས་པར་མ་ཟད། གྲོས་གཞི་མང་བོའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་ཡོད་དེ། དཔལ་འབྱོར་གྱི་ལྡེམ་ཤུགས་ཇེ་དྲག་ཏུ་གཏོང་བའི་རྩ་དོན་རབ་དང་རིམ་པའི་ཐད་གཅིག་གྱུར་ལྟ་ཚུལ་བྱུང་ཡོད་པ་དང་། ཨ་ཧྥེ་རི་ཁ་གླིང་གི་དངུལ་གཏོང་ལ་ཡར་སྐུལ་བཏང་སྟེ་སྒེར་གཉེན་སྡེ་ཁག་གིས་ཨ་ཧྥེ་རི་ཁ་གླིང་དུ་མ་དངུལ་གཏོང་བར་སྐུལ་འདེད་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་རྒྱལ་སྤྱིའི་དངུལ་ལོར་གྲུབ་ཚུལ་འཐུས་ཚང་དུ་བཏང་སྟེ། རྒྱལ་ཁོངས་བརྒལ་བའི་མ་དངུལ་འཁོར་རྒྱུག་གི་དབྱེ་ཞིབ་དང་ཉེན་ཁའི་ལྟ་རྟོག་ཚོད་འཛིན་ལ་ཤུགས་སྣོན་པའི་གལ་ཆེན་རང་བཞིན་ནན་བཤད་བྱས། མུ་མཐུད་དུ་རྒྱལ་སྤྱིའི་ཁྲལ་བསྡུའི་མཉམ་ལས་ལ་ཡར་སྐུལ་བཏང་སྟེ། དཔྱ་ཁྲལ་གྱི་རྩ་བ་ཉམས་པ་དང་ཁེ་སྤོགས་གཞན་སྤོ་བྱེད་པ་ཐག་གཅོད་པའི་བྱ་བའི་ཤུགས་ཚད་ཇེ་ཆེར་བཏང་།

གྲོས་ཚོགས་ནས་ད་རུང་ཕྱི་དངུལ་ཚོང་རས་འབྲེལ་འདྲིས་ཟབ་མོ་བྱས་ཏེ་རྩོད་གླེང་རང་བཞིན་གྱི་དངུལ་རྩའི་རིན་གོང་འགྱུར་བ་སྔོན་འགོག་བྱེད་རྒྱུ་བསྐྱར་སྒྲོག་བྱས་པར་མ་ཟད། ཉོ་ཚོང་གི་དཔལ་འབྱོར་འཕར་སྣོན་ཐད་ཀྱི་བྱས་རྗེས་ཇེ་ཆེར་གཏོང་བར་འབད་བརྩོན་བྱེད་དགོས་པའི་ཚུལ་བསྟན།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།