ཨན་པའེ་ཅིན་སན་ཡོ་རོབ་གླིང་དུ་འཚམས་འདྲིར་སོང་།

q1mཀྲུང་གོ་བོད་ཀྱི་དྲ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་ཚེས་བཅུ་དགུའི་ཉིན་གྱི་ཕྱི་དྲོར་ཆེད་བཏང་གནམ་གྲུར་བསྡད་དེ་འཇར་མན་དུ་སོང་སྟེ། དུས་ཡུན་ཉིན་བཞིའི་རིང་གི་ཡོ་རོབ་གླིང་འགྲུལ་བཞུད་མགོ་བརྩམས་པ་རེད།q1mཀྲུང་གོ་བོད་ཀྱི་དྲ་བ།

ཐེངས་འདིར་ཡོ་རོབ་གླིང་དུ་འཚམས་འདྲི་བྱེད་པ་ལས་གཞན། ཨན་པའེ་ཅིན་སན་གྱིས་ཉེ་སྔོན་མངོན་གསལ་ཁྱབ་སྒྲོག་བྱས་པའི་འཚམས་འདྲིའི་བྱ་འགུལ་གཙོ་བོ་ལ། མི་འགྱངས་བའི་རྗེས་སུ་ཨུ་རུ་སི་ལ་འཚམས་འདྲི་བྱེད་པ་དང་། དབྱི་ཐཱ་ལི་ནས་སྤེལ་རྒྱུ་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ལ་ཞུགས་པ་སོགས་འདུས།q1mཀྲུང་གོ་བོད་ཀྱི་དྲ་བ།

འཇར་པན་ཕྱོགས་ཀྱིས་མཚམས་སྦྱོར་བྱས་པ་ལྟར་ན། ཨན་པའེ་ཅིན་སན་གྱིས་ཐེངས་འདིར་ཡོ་རོབ་གླིང་དུ་འཚམས་འདྲི་བྱེད་པའི་རྒྱལ་ཁབ་ལ་འཇར་མན་དང་། ཧྥ་རན་སི། པུ་ལི་ཧྲི། དབྱི་ཐཱ་ལེ་བཅས་འདུས། ཨན་པའེ་ཅིན་སན་གྱིས་རྒྱལ་ཁབ་སོ་སོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་མགོ་ཁྲིད་པར་གྲོས་མོལ་བྱེད་རྒྱུ་རེད་ཟེར།q1mཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་གྱིས་ཉིན་དེར་ཏུང་ཅིན་ཡུས་ཐེན་གནམ་གྲུ་ཐང་ནས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཐེངས་འདིའི་འགྲུལ་བཞུད་ནས་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་མཐོ་རིམ་གྲོས་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་དག་གི་མགོ་ཁྲིད་པ་དང་མཉམ་དུ་ལྷག་བསམ་རྣམ་དག་གིས་བསམ་འཆར་བརྗེ་རེས་བྱེད་རྒྱུ་ཡིན་པ་དང་། ཁྲའོ་ཞན་གྱི་གནད་དོན་དང་རང་དབང་ཉོ་ཚོང་གནད་དོན་སོགས་མིག་སྔའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གནད་དོན་གཙོ་བོའི་ཐད་ནས་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་དང་མཉམ་དུ་མཉམ་ལས་ཟབ་མོ་བྱེད་རྒྱུ་ཡིན་ཟེར།q1mཀྲུང་གོ་བོད་ཀྱི་དྲ་བ།

q1mཀྲུང་གོ་བོད་ཀྱི་དྲ་བ།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།